འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་གཞི་དང་ལེན་བྱེད་ཚད་90%ལས་ཐོག་མར་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སྲིད་གྲོས་ཀན་སུའུ་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་ཀན་སུའུ་ཟློས་གར་ཁང་ཆེ་མོར་གྲོལ་བ་དང་གསར་འགོད་པས་ཤེས་རྟོགས་བྱས་པར། 2015ལོར་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་Aདང་Bརིགས་ཀྱི་གྲོས་གཞི་སྒྲུབ་གཉེར་བྱེད་ཚད་90%ལས་ཐོག་མར་བརྒལ་ནས་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་པ་དང་གྲོས་གཞིའི་ནང་དོན་མང་པོ་ཞིག་སྲིད་གཞུང་གི་ཡིག་ཆ་གལ་ཆེན་ནང་བསྡུ་ལེན་བྱས་པ་རེད།
         ལོ་གཅིག་ནང་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཞིང་ཆེན་རིམ་པའི་དམངས་གཙོའི་ཏང་ཤོག་ཁག མི་དམངས་མཉམ་སྡེབ། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་སོགས་ཀྱིས་ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་ལ་དམིགས་ནས་ཁྱོན་གྲོས་གཞི་ཁག་848ཕུལ་བར་ཞིབ་བཤེར་བྱས་པ་བརྒྱུད་ཁག་811གྲོས་ཁོངས་སུ་བཅུག་པ་དང་གྲོས་ཁོངས་སུ་འཇུག་ཚད་95.6%ཟིན་པ་དེའི་ནང་མཉམ་སྡེབ་ཀྱི་གྲོས་གཞི་ཁག་137ཡོད་པ་དེས་16.9%བཟུང་བ་དང་ཨུ་ཡོན་མི་སྒེར་རམ་ཡང་ན་མིང་འབྲེལ་གྲོས་གཞི་ཁག་674ཡོད་པ་དེས་83.1%བཟུང་ཡོད། ཨུ་ཡོན་ཁྱོན་406གྲོས་གཞིའི་ནང་ཞུགས་པར་ཞུགས་ཚད་69%ཟིན་པ་དང་གྲོས་གཞི་ཚང་མ་སྒྲུབ་འགན་འཁུར་མཁན་ཚན་པ་66གིས་སྒྲུབ་གཉེར་ནན་ཏན་བྱས་པ་བརྒྱུད་ཚང་མར་སྒྲུབ་ལན་བཏབ་ཟིན་པ་རེད། སྒྲུབ་ལན་བཏབ་ཟིན་འབྲས་ནི་ཐག་གཅོད་བྱས་ཟིན་པའམ་ཡང་ན་དང་ལེན་བྱས་པའི་(Aརིགས)གྲོས་གཞི་ཁག་492ཡིན་པ་དེས་60.7%བཟུང་བ་དང་ཐག་གཅོད་བྱ་རྩིས་དང་དང་ལེན་བྱ་རྩིས་ཡོད་པའི་(Bརིགས)གྲོས་གཞི་ཁག་270ཡིན་པ་དེས་33%བཟུང་ཡོད། Aདང་Bརིགས་ཀྱི་གྲོས་གཞིས་བཟུང་བའི་བསྡུར་ཚད་དེ་90%ལས་ཐོག་མར་བརྒལ་ནས་93.7%ཟིན་ཏེ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་བཏོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།