འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་ལུས་ཕྲུ་གུར་གཅེས་སེམས་བཅངས་ནས་རེ་བས་ཁེངས་པར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གཞིས་ལུས་ཕྲུ་གུར་གཅེས་སེམས་བཅངས་ནས་རེ་བས་ཁེངས་པར་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང། བོད་རང་སྐྱོང་ལྗོངས་ཀྱི་གྲོང་རྡལ་ཅན་དང་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་སྦྲགས། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་འབོར་ཆེན་གྲོང་ཁྱེར་དུ་ལས་མིར་བསྐྱོད་པས་གཞིས་ལུས་ཕྲུ་གུའི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་རེད།
         2014ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་གྲབས་གསོག་ཧུར་ཐག་བྱས་ནས“བྱིས་པའི་སྤྲོ་སྐྱིད་ཁང”20བསྐྲུན་ཏེ་རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ཚང་མར་ཁྱབ་པ་བྱས་ཐོག་གཞིས་ལུས་བྱིས་པ་རྣམས“བྱིས་པའི་སྤྲོ་སྐྱིད་ཁང”གི་དྲོ་སྐྱིད་ལྡན་ལ་སྤྲོ་སྣང་དོད་པའི་ཁྱིམ་ཚང་ཆེ་མོ་དེའི་ཁྲོད་ནས་སྤྲོ་སྣང་འཕེལ་ཐུབ་པ་དང་བདེ་སྐྱིད་ལྡན་པའི་བྱིས་དུས་ཀྱི་དྲན་སྣང་ཞིག་སྦྱིན་ཐུབ་པར་བྱས། འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་གྲོང་ཚོའི“བྱིས་པའི་སྤྲོ་སྐྱིད་ཁང”གི་བྱིས་པ་ཚོ་ཞོགས་ཟས་ཟ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།