འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུའུ་ལི་ལུན་གྱིས་གོ་མིན་ཏང་གི་ཀྲུའུ་ཞིའི་གོ་གནས་ནས་དགོངས་ཞུ་ཕུལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཀྲུའུ་ལི་ལུན།
    ཀྲུའུ་ལི་ལུན།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་18ཉིན་ཀྲུང་གོ་གོ་མིན་ཏང་གི་ཀྲུང་ཞི་ཀྲུའུ་ལི་ལུན་གྱིས་གོ་མིན་ཏང་ཀྲུང་དབྱང་རྒྱུན་ལས་ལྷན་ཚོགས་ལ་ལས་གནས་དགོངས་ཞུ་ཕུལ་བ་དང་། གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཧུང་མའེ་ཧུའེ་གནས་སྐབས་ཀྱི་ཏང་གི་ལས་ཀ་བསྐྲུབ་པའི་མི་ཚབ་ཏུ་བཞག་ནས་མ་འོང་བའི་བསྐྱར་འདེམས་ཀྱི་ལས་ཀ་བསྒྲུབ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།
         ཀྲུའུ་ལི་ལུན་གྱིས་གྲོས་ཚོགས་ཐོག་ཏུ་བསྟན་དོན། ཁོ་བོས་གོ་མིན་ཏང་གིས་ཐའེ་ཝན་ས་ཁུལ་གྱི་འགོ་ཁྲིད་པའི་འདེམས་བསྐོ་ནང་ཕམ་ཁ་ཉོས་པ་དེའི་མཇུག་འབྲས་ལ་འགན་ཁུར་རྒྱུ་ཡིན་པ་དང་། རང་ནོངས་བསམ་ཞིབ་གཏིང་ཟབ་བྱ་ངེས། དེ་མ་ཟད་གོ་མིན་ཏང་ལ་ཕྱོགས་ཡོངས་ནས་སྐྱོན་ཞིབ་དང་བཅོས་སྒྱུར་བྱ་དགོས་པའི་འབོལ་སྐུལ་ཡང་བཏང་བ་རེད།
          ཧུང་མའེ་ཧུའེ་ནི་1959ལོར་ཐའེ་ཝན་ཅ་དབྱིས་ནས་སྐྱེས་པ་དང་། 2008ལོའི་ཟླ་11དང་2015ལོའི་ཟླ་1གཉིས་ཀྱི་སྐབས་སུ་ཐེངས་གཉིས་ལ་མིང་བཏོན་ནས་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་བ་རེད།
    ཧུང་མའེ་ཧུའེ།
    ཧུང་མའེ་ཧུའེ།
      

    ཕྱོགས་བསྡུས་གསར་འགྱུར།