འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་ཁྲལ་དོན་སྡེ་ཚན་གྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་11ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་རྒྱལ་ཡོངས་ཁྲལ་དོན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2015ལོར་རྒྱལ་ཡོངས་ཁྲལ་དོན་སྡེ་ཚན་གྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་110604(ཕྱིར་གཏོང་སློག་ཁྲལ་འཐེན་འཕྲི་བྱས་ཟིན་པ)ཟིན་པ་དེ་ལོ་གོང་མ་ལས་6.6%འཕར་བ་དང་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་མགོ་ཐུག་བྱུང་ཡོད། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་གྱིས་འདས་ཟིན་པའི་ལོ་གཅིག་ནང་རྒྱལ་ཡོངས་ཁྲལ་དོན་སྡེ་ཚན་གྱིས་ཁྲིམས་ལྟར་ཁྲལ་བསྡུ་མཐའ་འཁྱོངས་དང“ཚད་བརྒལ་ཁྲལ”གཏན་ནས་མི་བསྡུས་པར་རྒྱལ་ཁབ་ཀྱི་སྔོན་རྩིས་ནང་གཏན་འཁེལ་བྱས་པའི་ཁྲལ་བསྡུའི་ལས་འགན་འབོར་འཕར་སྤུས་ལེགས་ཀྱིས་ལེགས་གྲུབ་བྱས་པ་དང་ཆབས་ཅིག་རང་འགུལ་གྱིས་སྒྲིག་སྲོལ་ལྟར་ཁྲལ་རྩ་ཆག་དང་ཆག་ཡང་བཏང་བ་དང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་པས་ཁྲལ་ཆག་ཡང་བཏང་བའི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཐེབས་པ། སྒྱུར་བཅོས་ཀྱི་ཕན་པ་དེ་བས་མང་བ་ཐོབ་ཡོད་ཅེས་བཤད་པ་རེད།
         གྲངས་གཞིའི་ཐོག་ནས་མངོན་པར། 2015ལོར་རང་རྒྱལ་གྱི་ཐོན་ལས་གསུམ་པ་རྒྱུན་མཐུད་ངང་ལེགས་ཕྱོགས་དང་འཕེལ་རྒྱས་ཕྱིན་ནས་ཁྲལ་འབབ་བསྡུར་གྲངས་54.8%བཟུང་ནས་ཐོན་ལས་གཉིས་པ་ལས་བརྒྱ་ཆའི་གྲངས་9.7གྱིས་མཐོ་བ་དང་འཕར་ཚད་7.6%ཟིན་ནས་ཐོན་ལས་གཉིས་པ་ལས་བརྒྱ་ཆའི་གྲངས་5.5ཡིས་མཐོ་བ་ཡོད། ཁྲལ་འབབ་ཚང་མའི་འཕར་ཚད་ནང་ཐོན་ལས་གསུམ་པའི་ཁྲལ་འབབ་འཕར་ཚད་ཀྱིས་80%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་13མཐོ་རུ་ཕྱིན་ཡོད། དྲ་སྦྲེལ་དང་ཚོང་དོན་ཞབས་ཞུ་སོགས་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་ཚུལ་ཅུང་ལེགས་སུ་ཕྱིན་ནས་བོགས་མར་གཏོང་ལེན་དང་ཚོང་དོན་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འབབ23.8%འཕར་བ་དང་། མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འབབ21.2%འཕར་བ། དྲ་སྦྲེལ་དང་དེ་བཞིན་འབྲེལ་ཡོད་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འབབ19%འཕར་ཡོད། དུས་མཚུངས་2015ལོར་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱ་ཆེད་ཁྲལ་སྒོར་དུང་ཕྱུར་3000ཡན་རྩ་ཆག་དང་ཆག་ཡང་བཏང་བའི་ནང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་གི་ཁྲལ་བསྡུའི་སྲིད་ཇུས་དང་དེ་བཞིན་ཁེ་བཟང་ཆུང་བའི་ཁེ་ལས་ཆུང་གྲས་ཀྱི་ཐོབ་ཁྲལ་ཕྱེད་ཀ་ཆག་ཡང་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁྲལ་སྒོར་དུང་ཕྱུར་1000ཙམ་རྩ་ཆག་དང་ཆག་ཡང་བཏང་བ་དང་། མཐོ་གསར་ལག་རྩལ་དང་འབྲེལ་བའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁྲལ་སྒོར་དུང་ཕྱུར་1400ལྷག་ཙམ་རྩ་ཆག་དང་ཆག་ཡང་བཏང་བ། མཐོ་སློབ་སློབ་ཐོན་སློབ་མ་དང་། ལས་ཤོར་མི་སྣ། དབང་པོ་སྐྱོན་ཅན། དམག་མིའི་ནང་མི། དམག་ཁོངས་ནས་ལས་བསྒྱུར་བྱས་པའི་ལས་བྱེད་པ། དམག་ཞབས་ཐིམས་པའི་དམག་མི་སོགས་ལས་གཏོད་ལས་ཞུགས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁྲལ་སྒོར་དུང་ཕྱུར་180ལྷག་ཙམ་རྩ་ཆག་དང་ཆག་ཡང་བཏང་ཡོད།
         ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་ཐད་རྡོ་སོལ་ཐོན་ཁུངས་ཀྱི་ཁྲལ་དེ་རིན་གོང་གཞིར་བཟུང་ཁྲལ་བསྡུ་བའི་སྒྱུར་བཅོས་ཁྱབ་གདལ་བཏང་བ་ནས་བཟུང་2015ལོར་རྒྱལ་ཡོངས་ཀྱིས་རྡོ་སོལ་ཐོན་ཁུངས་ཀྱི་ཁྲལ་སྒོར་དུང་ཕྱུར་333བསྡུས་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་185འཕར་བ་དང་འཕར་ཚད་125%ཟིན་ཡོད། རྡོ་སོལ་དང་འབྲེལ་བའི་གྲོན་བསྡུའི་ཐེབས་རྩ་སྒོར་དུང་ཕྱུར་366རྩ་ཆག་བཏང་ནས་སྤྱིར་ན་ཁྲལ་སྒོར་དུང་ཕྱུར་181ཆག་ཡང་བཏང་ཡོད། 2015ལོའི་ཟླ་5ཚེས་1ཉིན་ནས་བཟུང་རྒྱལ་ཁབ་ཀྱིས་ལྕགས་རིགས་གཏེར་ཁའི་ཐོན་ཁུངས་ཁྲལ་བསྡུའི་བསྡུར་གྲངས་དམའ་རུ་བཏང་ནས་ཁྲལ་ཆག་ཡང་གི་གཏན་འབེབས་ཁྲལ་གྲངས་ཀྱི་ཚད་གཞི་80%ནས་ཁྲལ་ཆག་ཡང་གི་གཏན་འབེབས་ཁྲལ་གྲངས་ཀྱི་ཚད་གཞི་40%བར་ལེགས་སྒྲིག་བྱས་ནས་2015ལོའི་ལོ་མཇུག་ཏུ་ཁྲལ་སྒོར་དུང་ཕྱུར་21ཆག་ཡང་བཏང་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།