འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་18ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་བྱས་པ།
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་1ཚེས་18ཉིན་གྱི་སྔ་དྲོར། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་(http://hf.tibet.cn/)ཤར་གཏོང་བྱེད་པའི་ཁྱབ་སྒྲོག་ཚོགས་འདུ་པེ་ཅིང་ཀོང་ཅི་དགོན་(广济寺)གྱི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ནས་སྤེལ་ཞིང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧུའུ་ཞུའེ་ཧྥེང་གིས་འཚོལ་བཤེར་མ་ལག་ཤར་གཏོང་བྱེད་སྒོའི་མདོ་འཛིན་བྱས་པ་དང་། ཚོགས་གཙོ་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ལགས་ཀྱིས་ཤིས་ཚིག་གསུངས། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཞུའེ་ཁྲེང་དང་། ཚོགས་གཙོ་གཞོན་པ་ཡན་ཅུའེ། ཙོང་ཞིང་སོགས་བྱེད་སྒོར་ཞུགས་པ་རེད།
         བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་གི་ཁག་དང་པོའི་ནང་རྒྱལ་ནང་གི་སྤྲུལ་སྐུ་870ཡི་བརྡ་འཕྲིན་ཡོངས་བསྒྲགས་བྱས་ཡོད་པ་རེད། འདི་ནི་རྒྱལ་ནང་གི་ཆོས་ལུགས་ཆོས་གཉེར་མི་སྣའི་ཐོབ་ཐང་གི་བརྡ་འཕྲིན་ཐེངས་དང་པོར་སྦྲེལ་དྲ་(互联网)ནས་འཚོལ་བཤེར་བྱ་རྒྱུ་མངོན་འགྱུར་བྱུང་བ་ཡིན་ལ། འདིས་སྤྲུལ་སྐུ་ཡི་བརྡ་འཕྲིན་འཚོལ་བཤེར་ལ་ཞབས་ཞུ་འདོན་སྤྲོད་བྱེད། འཚོལ་བཤེར་མ་ལག་འདི་ཉིད་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་དྲ་ཚིགས་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་དྲ་ཚིགས། ཀྲུང་གོ་བོད་ལྗོངས་དྲ་ཚིགས་བཅས་ནས་དུས་མཉམ་ངང་ཤར་གཏོང་བྱས་པ་རེད།
         མཚམས་སྦྱོར་བྱས་པ་ལྟར་ན། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཏུ་སྤྲུལ་སྐུ་དེ་ཉིད་ཀྱི་རུས་མིང་། ཐོབ་ཐང་ཨང་གྲངས། མཚན་གནས། འཁྲུངས་དུས། གྲུབ་མཐའ། སྤྲུལ་སྐུའི་དཔང་གྲངས། བཞུགས་གནས་དགོན་པ། འདྲ་པར་བཅས་ཡོངས་བསྒྲགས་བྱས་ཡོད་པ་དང་། འཚོལ་བཤེར་མ་ལག་དེ་གློག་ཀླད་དང་ལག་ཁྱེར་ཁ་པར་གཉིས་ནས་ཀྱང་བཀོལ་སྤྱོད་བྱེད་ཐུབ། ལག་ཁྱེར་གྱི་བརྡ་འཕྲིན་ནས་ར་སྤྲོད་ཨང་གྲངས་བཀོད་ནས་ཡར་སྤྲོད་བྱས་རྗེས་འཚོལ་བྱའི་སྤྲུལ་སྐུ་དེ་ཉིད་ཀྱི་རུས་མིང་། ཐོབ་ཐང་ཨང་གྲངས། མཚན་གནས། སྤྲུལ་སྐུའི་དཔང་གྲངས། བཞུགས་གནས་དགོན་པ་བཅས་ཀྱི་གང་རུང་ཞིག་བྲིས་ཏེ་འཚོལ་བཤེར་བྱེད་ཐུབ་པ་རེད།
    ༄༅།།བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།