འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལོར་རེ་ཞུ་བདག་སྤྲོད་བྱེད་ཚད་ཁྲི་100
    ཡི་འགག་སྒོ་ལས་ཐོག་མར་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱིས་གོང་ཚེས་ཉིན་པེ་ཅིང་དུ་2015ལོའི་རང་རྒྱལ་གྱིས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་དབང་བཅོལ་བྱེད་ཚད་ཀྱི་འབྲེལ་ཡོད་གཞི་གྲངས་ཡོངས་བསྒྲགས་བྱས་ཤིང་། 2015ལོར་རང་རྒྱལ་གྱིས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བདག་སྤྲོད་བྱེད་ཚད་མུ་མཐུད་བརྟན་པོའི་ངང་འཕར་བ་དང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལོར་བདག་སྤྲོད་བྱེད་ཚད་ཁྲི་100ཡི་འགག་སྒོ་ལས་ཐོག་མར་བརྒལ་ནས་ཁྲི་110.2ཟིན་པ་དེ་དུས་མཚུངས་ལས་18.7%འཕར་བ་དང་ལོ་5ཡི་རིང་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།
         རྒྱལ་ཁབ་ཤེས་བྱ་ཐོན་དབང་ཅུས་ཀྱིས་ད་རེས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ནས་ཤེས་རྟོགས་ཐུབ་པར། 2015ལོར་རང་རྒྱལ་གྱིས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་དབང་བཅོལ་བྱེད་ཚད་ཞིང་ཆེན་(ཆུས་དང་གྲོང་ཁྱེར)(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཚུད་མེད)མདུན་གྲས་བཅུ་ནི་ཅང་སུའུ(ཁྲི་3.6015)དང་། པེ་ཅིང(ཁྲི་3.5308) ཀོང་ཏུང(ཁྲི་3.3477) ཀྲེ་ཅང་ཁྲི་2.3345) ཧྲང་ཧའེ(ཁྲི་1.7601) ཧྲན་ཏུང(ཁྲི་1.6881) ཨན་ཧུའེ(ཁྲི་1.118) སི་ཁྲོན(9105) ཧུའུ་པེ(7766) ཧྲའན་ཤིས་(6812)བཅས་ཡིན་པ་རེད།
         རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་2015ལོར་རང་རྒྱལ་གྱིས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཐད་ཁྱད་ཆོས་བཞི་གཙོ་བོར་མངོན་པ་སྟེ། གཅིག་ནི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལོར་རེ་ཞུ་བྱེད་ཚད་ཁྲི་100ལས་ཐོག་མར་བརྒལ་བ་དང་། གཉིས་ནི་མི་འབོར་ཁྲི་རེར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་བདག་ཚད་6ལས་བརྒལ་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྩ་གནད་ནང་བཏོན་པའི་དམིགས་ཚད་ལེགས་གྲུབ་བྱུང་བ། གསུམ་ནི་ཁེ་ལས་ཀྱི་ཤེས་བྱའི་ཐོན་དབང་གི་གསར་གཏོད་བྱེད་པོའི་གནས་བབ་རྒྱུན་མཐུད་ངང་བརྟན་པོ་བྱུང་བ། བཞི་ནི་ལག་རྩལ་ཁྱབ་ཁོངས་ཁག་གཅིག་གི་ཁེ་བེད་བདག་ཐོབ་གཅིག་སྡུད་བྱེད་ཚད་ཕྱི་རྒྱལ་དང་ད་དུང་ཧེ་བག་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།