འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ཧང་ཀྲང་ཅིན་ལི་ཆུན་གྱིས་གསར་འགྱུར་
    ཡོངས་བསྒྲགས་ཚོགས་འདུ་ཐོག་མ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་ཚེས་17ཉིན་པེ་ཅིང་དུ་ལས་གཉེར་བྱེད་འགོ་ཚུགས་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐོག་མ་དེ་འཚོགས་པ་དང་། ལས་ཐོག་དང་པོའི་ཧང་ཀྲང་ཅིན་ལི་ཆུན་ཉིད་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་མ་ཟད་གསར་འགོད་པའི་དྲི་བར་ཡང་ལན་བཏབ་པ་རེད།
         ཚེས་16ཉིན་འཚོགས་པའི་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ལས་འཛིན་ལྷན་ཚོགས་འཛུགས་པའི་ཚོགས་ཆེན་ཐོག་ཅིན་ལི་ཆུན་ཉིད་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ལས་ཐོག་དང་པོའི་ཧང་ཀྲང་དུ་བདམས་ཡོད། ཚེས་17ཉིན་གྱི་སྔ་དྲོ་པེ་ཅིང་དངུལ་རྩའི་ཁྲོམ་གཞུང་དུ་གནས་པའི་སྤྱི་ཁྱབ་ཐོག་བརྩེགས་ཁང་དུ་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་དར་ཚོན་འབྲེག་པའི་མཛད་སྒོ་གཉེར་བ་དེ་ཐོག་ནས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་སྤྱི་ཁྱབ་ཐོག་བརྩེགས་ཁང་ཆེན་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
        སྐར་མ་30ཙམ་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཅིན་ལི་ཆུན་གྱིས་དབྱིན་སྐད་ཀྱི་ཐོག་ནས་ཕྱི་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་གནང་དོན་15ལ་ལན་བཏབ་ཅིང་། དེ་དག་ནི་འདེམས་ཤོག་འཕེན་དབང་བགོ་འགྲེམས་དང་། ལྟ་སྡོམ་ལམ་སྲོལ། ཁོངས་མི་གསར་པ་བསྡུ་ལེན། རྣམ་གྲངས་གྲ་སྒྲིག་གི་དམིགས་བསལ་ཐེབས་རྩའི་བེད་སྤྱོད། ཕྱོགས་མང་གསར་སྤེལ་སྒྲིག་གཞི་གཞན་དང་མཉམ་འབྲེལ་གྱི་མ་དངུལ་མཉམ་འདུ། ཤེས་ལྡན་པ་གདན་ཞུ་བསྐོ་སྤྱོད་ཀྱི་ཚད་གཞི་དང་དེ་བཞིན་ཉེན་ཁའི་དོ་དམ་སོགས་ནང་དོན་དང་འབྲེལ་བ་ཡོད་པ་རེད།
         ཅིན་ལི་ཆུན་གྱིས་གཏམ་བཤད་གནང་སྐབས་ཚེས་17ཉིན་བར་འདོད་མོས་ཡོད་པའི་གསར་གཏོད་སྐབས་ཁོངས་མིའི་རྒྱལ་ཁབ་30ཡིས་《ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་གྲོས་མཐུན་》ལ་ཆོག་མཆན་བཀོད་པ་མ་ཟད་ཆོག་མཆན་ཡི་གེ་ཡང་སྤྲད་ཡོད་ཅིང་། མ་རྐང་བསྡོམས་འབོར་གྱི་བསྡུར་ཚད་74%ཟིན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།