འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་བཅུས་ཐུན་མོང་ཐོག་གཞི་རིམ་དུ“འཆལ་རྡུང་ལོག་སེལ”གྱི་བྱ་སྤྱོད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་15ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་དོན་ཁང་། རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་། སློབ་གསོ་པུའུ། སྤྱི་བདེ་པུའུ། རིག་གནས་པུའུ། བཟོ་ཚོང་སྤྱི་ཁྱབ་ཅུས། གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་བཅུས་མཉམ་འབྲེལ་ཐོག་《གཞི་རིམ་དུ“འཆལ་རྡུང་ལོག་སེལ”གཏིང་ཟབ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་བྱས་ཡོད། བསམ་འཆར་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གི“‘འཆལ་རྡུང་ལོག་སེལ’བྱས་ནས་མ་རབས་ཐ་ཤལ་གྱི་སྣང་ཚུལ་བཀག་འགོག་བྱེད་དགོས་པའི”བླང་བྱ་གཞིར་བཟུང་། གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས། སློབ་གྲྭ མཛེས་ལྗོངས་ཁུལ་བཅས་སུ “འཆལ་རྡུང་ལོག་སེལ”གྱི་བྱ་སྤྱོད་སྤེལ་བ་རེད། “འཆལ་རྡུང་ལོག་སེལ”གྱི་ལས་ཀའི་རྨང་གཞི་བརྟན་དུ་བཏང་སྟེ“འཆལ་རྡུང་ལོག་སེལ”གྱི་ལས་དོན་གཞི་རིམ་དུ་གཞི་ཚུགས་པ་བྱས་ཐོག་དམ་འཛིན་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་མཁན་ཡོད་པ། ཕན་འབྲས་ཐོན་ཐུབ་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ནུས་ལྡན་གཏོང་བ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཐད་ཞབས་འདེགས་ཞུ་བ། གནོད་ལྡན་བསམ་བློ་དང་རིག་གནས་ཀྱི་གནོད་འཚེ་ཕོག་རྒྱུ་བཀག་འགོག་བྱེད་པ། གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་གཡུལ་ས་བཟུང་ནས་སྐྱོན་བྲལ་ཡར་ཐོན་དང་ཚད་ལྡན་རིམ་ལྡན་གྱི་རིག་གནས་ཁོར་ཡུག་གཏོད་པ་བཅས་རེད།
         མིག་སྔར“འཆལ་རྡུང་ལོག་སེལ”གྱི་ལས་ཀའི་གཙོ་གནད་དང་། དཀའ་གནད། ཉམས་ཞན་ལྷུ་ཚིགས་བཅས་ཚང་མ་གཞི་རིམ་དུ་ཡོད། གཞི་རིམ་དུ“འཆལ་རྡུང་ལོག་སེལ”གྱི་ལས་དོན་ཐད་ཛ་དྲག་ཆེ་བའི་འགྲན་སློང་འཕྲད་པ་དང་གཞི་རིམ་རིག་གནས་ཁྲོམ་རའི་ཐོག་རིགས་ཁག་གི་ཁྲིམས་འགལ་པར་སྐྲུན་དངོས་རྫས་ཕྱིར་ཚོང་བྱེད་པའི་གནད་དོན་ད་དུང་མངོན་གསལ་དོད་པ་དང་། ཁྲིམས་འགལ་པར་སྐྲུན་དངོས་རྫས་བཟོ་བ་དང་ཐོན་སྐྱེད་བྱེད་མཁན་གཞི་རིམ་དུ་ཡང་ཡང་ཐོན་པ། དྲ་རྒྱའི་ཉེས་གསོག་གཞི་རིམ་དུ་ཕྱོགས་པའི་རྣམ་པ་མངོན་གསལ་དོད་པ་དང་མྱུལ་ཞིབ་རྩད་གཅོད་བྱེད་དཀའ་བ། “རྫུན་གསུམ”གྱོད་གཞི་གཞི་རིམ་དུ་ཐོན་སླ་བ་དང་ཐོན་མང་བས་གཞི་རིམ་ལས་དོན་ལ་འགལ་རྐྱེན་ཚབས་ཆེན་བཟོ་བ་དང་མང་ཚོགས་ཁེ་ཕན་ལ་གནོད་འཚེ་བཟོ་གི་ཡོད། དེར་བརྟེན་《བསམ་འཆར་》ནང་གཞི་རིམ་དུ“འཆལ་རྡུང་ལོག་སེལ”གྱི་མཛུབ་ཁྲིད་བསམ་བློ་དང་ལས་ཀའི་རྩ་དོན་ཐོག་མར་གསལ་བཟོ་བྱས་ནས་གཞི་རིམ་དུ“འཆལ་རྡུང་ལོག་སེལ”དེས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་རང་འགན་གཙང་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྟེགས་བུ་སྤྱོད་པ་དང་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། གསར་གཏོད་རྩ་བར་འཛིན་པ་དང་ཕན་འབྲས་ལ་མཐོང་ཆེན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་པ་དང་། གྲོང་ཚོ་(སྡེ་ཁུལ་)ཡན་གྱི་གཞི་རིམ་དུ“འཆལ་རྡུང་ལོག་སེལ”གྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་ཆགས་པ་བྱས་ཏེ“འཆལ་རྡུང་ལོག་སེལ”གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་དེ་ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་དང་གྲོང་གསེབ་སྡེ་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་གྱི་ནང་དོན་གཙོ་བོའི་ནང་འཇོག་་དགོས་པ་དང་རྫོང་(ཆུས་དང་གྲོང་ཁྱེར་)གི“འཆལ་རྡུང་ལོག་སེལ”གྱི་ལས་ཀའི་སྒྲིག་གཞིར་གཞུང་དོན་སྒྲུབ་ས་ཡོད་པ་དང་། མི་སྣའི་སྟོབས་ཤུགས་ལྡན་པ། གྲོན་དངུལ་འགན་ལེན་ཡོད་པ། དྲིལ་བསྒྲགས་ཆེད་བསྒྲིགས་ལེ་ཚན་ཡོད་པ། ཐེར་འདོན་གོང་ཞུའི་ཁ་པར་ཡོད་པ། ལས་ཀའི་རྩིས་ཁྲ་ཡོད་པ་བཅས་བྱེད་དགོས་པ། གཞི་རིམ་དུ“འཆལ་རྡུང་ལོག་སེལ”གྱི་ལས་དོན་འཁོར་རྒྱུག་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ“འཆལ་རྡུང་ལོག་སེལ”གྱི་ལས་དོན་དེ་སྤྱི་ཚོགས་བདེ་སྲུང་གི་ཕྱོགས་བསྡུས་བཅོས་སྐྱོང་སྟེགས་བུའི་ནང་འཇོག་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཐོག་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འབྲེལ་ཟམ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོགས་སྤྱིའི་རྩ་འཛུགས་ཀྱི་དྲ་རྒྱ་དང་གཞི་རིམ་གཡུལ་ས་སྤྱད་ནས“འཆལ་རྡུང་ལོག་སེལ”གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ། དཔུང་ཁག་འཛུགས་སྐྱོང་དང་། ལས་ཀའི་དཔེ་དབྱིབས་གསར་གཏོད། དྲིལ་བསྒྲགས་དང་ཁྲིད་སྟོན་གཏིང་ཟབ་བྱེད་པ་སོགས་གཞི་རིམ་དུ“འཆལ་རྡུང་ལོག་སེལ”གྱི་གཙོ་གནད་ལས་དོན་དོན་འཁྱོལ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། བསམ་འཆར་པར་འགྲེམས་བྱས་པ་དེས“འཆལ་རྡུང་ལོག་སེལ”གྱིས་གཞི་རིམ་རིག་གནས་བདེ་འཇགས་དང་རིག་གནས་ཁྲོམ་ར་དར་རྒྱས་དང་བརྟན་ལྷིང་ཡོང་བར་ནུས་པ་སྔར་བས་འདོན་སྤེལ་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།