འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུའུ་ཅིང་གིས་ཨུ་རུ་སུའི་དཔལ་འབྱོར་སླར་གསོ་ཡོང་ངེས་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་རྒྱལ་སྤྱིའི་སྣུམ་གོང་ཆག་པ་དེས་ཨུ་རུ་སུའི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ལེགས་གཏོང་བྱ་རྒྱུར་སྐུལ་མ་ཐེབས་ནས་མཐོ་གསར་ལག་རྩལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་སོང་སྟེ་འབྱུང་འགྱུར་ཨུ་རུ་སུའི་དཔལ་འབྱོར་སླར་གསོ་ཐུབ་ངེས་ཡིན་ལུགས་བརྗོད།
         ཚེས་11ཉིན་ཨུ་རུ་སུའི་ཙུང་ཐུང་གི་དྲ་ཚིགས་ཐོག་ཕུའུ་ཅིང་གིས་འཇར་མན་《པར་རིས་ཚགས་པར་》གྱི་བཅར་འདྲི་དང་ལེན་བྱེད་སྐབས་ཀྱི་རྩོམ་ཡིག་ཧྲིལ་པོ་བཀོད་ཡོད་ཅིང་། ཕུའུ་ཅིང་གིས་མིག་སྔར་ཨུ་རུ་སུའི་དཔལ་འབྱོར་ལ་ཤུགས་རྐྱེན་ཕོག་ཆེ་ཤོས་ནི་ཨུ་རུ་སུའི་སྲོལ་རྒྱུན་གྱི་ཕྱིར་གཏོང་ཚོང་ཟོག་དང་སྣུམ་རླངས་ཀྱི་རིན་གོང་ཆག་པ་དེ་ཡིན། འོན་ཀྱང་སྣུམ་གོང་འཕར་ཆག་ཇི་འདྲ་བྱུང་རུང་ཨུ་རུ་སུའི་དཔལ་འབྱོར་ལ་ཕན་པའི་ཆ་ཞིག་ཡོད་ལུགས་བརྗོད།
         ཕུའུ་ཅིང་གིས་བཤད་དོན། སྣུམ་གོང་མཐོ་བའི་དུས་སུ་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱིས་རྡོ་སྣུམ་ཨ་སྒོར་འབོར་ཆེན་ཞིག་བསགས་པ་དེ་དག་རྒྱལ་ཁབ་ནོར་སྲིད་ཀྱི་གཏོང་སྒོ་གཞན་དག་ཐད་ཁ་གསབ་བྱས་ཡོད། ད་ཆ་ཨུ་རུ་སུའི་ནོར་སྲིད་ཀྱི་ཆད་གྲངས་ཉུང་ཉུང་ཡིན། འོན་ཀྱང་སྣུམ་རླངས་ཀྱི་ཡོང་འབབ་མེད་ཚེ་སྣུམ་རླངས་མིན་པའི་ཆད་གྲངས་ཀྱི་ཉེན་ཁ་ཧ་ཅང་ཆེ་བའི་ཆུ་ཚད་ཐོག་སླེབས་རྒྱུ་ངེས་གཏན་རེད། སྣུམ་རླངས་མིན་པའི་ཆད་གྲངས་དམའ་རུ་གཏོང་ཆེད། ཨུ་རུ་སུས་སྣུམ་རླངས་ཡོང་འབབ་སྤྱད་དེ་མིག་སྔའི་ནོར་སྲིད་གཏོང་སྒོར་ཁ་གསབ་བྱེད་ཉུང་དུ་གཏོང་བ་དེ་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ལེགས་གཏོང་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།