འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཨ་མདོ་རྫོང་དུ་ས་ཡོམ་རིམ་པ་5.3བརྒྱབ་པ་དང་མི་སྣ་རྨས་སྐྱོན་སོགས་བྱུང་མེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་15ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཨ་མདོ་རྫོང་དུ་ས་ཡོམ་རིམ་པ་5.3བརྒྱབ་པ་དང་མི་སྣ་རྨས་སྐྱོན་སོགས་བྱུང་མེད་པ།
         གསར་འགོད་པས་བོད་ལྗོངས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ་1ཚེས་14ཉིན་གྱི་དུས་ཚོད་4དང་སྐར་མ་34སྐབས་ཨ་མདོ་རྫོང་ཁོངས་སུ་ས་ཡོམ་རིམ་པ་5.3བརྒྱབ་པ་དང་། མི་སྣ་རྨས་སྐྱོན་དང་རྒྱུ་ནོར་གྱོང་གུན་ཐད་ཀྱི་སྙན་ཞུ་འབྱོར་མེད་པས། མིག་སྔར་གནོད་སྐྱོན་གྱི་གནས་ཚུལ་སྔར་བཞིན་རྟོག་ཞིབ་བྱེད་པའི་སྒང་ཡིན་པ་རེད།
         གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་མཚོ་བོད་ལྕགས་ལམ་ཨ་མདོ་རྫོང་ཁོངས་ཀྱི་ལྕགས་ལམ་རྒྱུན་ལྡན་འཁོར་རྒྱུག་བྱེད་ཀྱི་ཡོད་པ་དང་། ཤུགས་རྐྱེན་ཐེབས་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།