འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་མདོ་བརྙན་འཕྲིན་གྱི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ་《གངས་ལྗོངས་དཔྱིད་ཀྱི་མཆོད་
    བསྟོད་》ཅེས་པ་བརྙན་ཕབ་ལེགས་འགྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་13ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་མདོ་བརྙན་འཕྲིན་གྱི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ་《གངས་ལྗོངས་དཔྱིད་ཀྱི་མཆོད་
བསྟོད་》ཅེས་པ་བརྙན་ཕབ་ལེགས་འགྲུབ་བྱུང་བ།
          མི་དམངས་དྲ་བའི་འཕྲིན། ཨ་མདོ་བརྙན་འཕྲིན་གྱིས་བསྒྲུབས་པའི་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ་《གངས་ལྗོངས་དཔྱིད་ཀྱི་མཆོད་བསྟོད་》ཅེས་པ་དེ་སྤྱི་ཟླ་1ཚེས་10ཉིན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་ནས་གཟབ་རྒྱས་ངང་བརྙན་ཕབ་ལེགས་འགྲུབ་བྱུང་བ་རེད། 
         ལོ་སར་རིག་རྩལ་སྤྲོ་ཚོགས་དེ་ལོ་ཕྱེད་ཙམ་གྱི་སྔོན་ནས་བཟུང་གྲ་སྒྲིག་བྱེད་འགོ་བརྩམས་ཤིང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཞུང་དོན་གྲོས་ཚོགས་ཀྱིས་ཆེད་དམིགས་ཚོགས་འདུ་བསྡུས་ནས། སྤྲོ་ཚོགས་ཀྱི་ནང་དོན་དང་རྣམ་པ། འཁྲབ་ཚན་གྱི་སྒྲིག་བཀོད། ཕབ་བསྐྲུན་གྱི་བྱ་བ་ཚང་མ་སྔ་མོ་ནས་བཀོད་སྒྲིག་ཞིབ་མོ་བྱས་པ་དང་། སྒྲིག་རྩོམ་ཚོ་ཆུང་ཡང་མཚོ་སྔོན་གྱི་ཁུལ་སོ་སོ་དང་ཀན་ལྷོ་ཁུལ། ཟི་ཁྲོན་རྔ་བ་ཁུལ་གྱི་གླུ་གར་ཚོགས་པ་བཅས་ལ་དངོས་སུ་སོང་ནས་གླུ་གར་གྱི་རྩེད་མོ་དཔྱད་འདེམ་བྱས་མཐར། ཟི་ཁྲོན་རྔ་བ་ཁུལ་མི་རིགས་གླུ་གར་ཚོགས་པ་དང་། རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པ་གཉིས་འདི་ལོའི་ལོ་སར་སྤྲོ་ཚོགས་ཀྱི་འཁྲབ་སྟོན་ཚོགས་པར་གཏན་ཁེལ་བྱས་པ་དང་། སྤྲོ་ཚོགས་ཧྲིལ་བོར་གླུ་དང་བྲོ། རྡུང་ལེན། རྣམ་ཐར། གར་ཆུང་སོགས་འཁྲབ་ཚན་28གཏན་ཁེལ་བྱས་རྗེས། གཟའ་འཁོར་གཅིག་གི་སྔོན་ནས་ཕྱོགས་སོ་སོའི་འཁྲབ་སྟོན་པ་ཡོངས་མཉམ་དུ་བསྡུས་ནས་འཁྲབ་སྦྱོང་ལ་དངོས་སུ་ཞུགས་ཤིང་ལོ་སར་སྤྲོ་ཚོགས་ཕབ་སྐྲུན་གྱི་བྱ་བ་གཞི་ནས་མགོ་བརྩམས།
         འདི་ལོའི་ལོ་སར་སྤྲོ་ཚོགས་ཀྱི་ཁྱད་ཆོས་གཙོ་བོ་ནི། སྤྲོ་ཚོགས་ཀྱི་མདོ་འཛིན་པའམ་སྒྱུ་རྩལ་པ་དང་འཁྲབ་སྟོན་པ་གང་ཡིན་ཡང་། མདོ་དབུས་ཁམས་གསུམ་གྱི་བོད་ཁུལ་ཆེན་པོ་གསུམ་ལ་དམིགས་ནས་གདན་ཞུ་བྱས་ཡོད་པ་དང་། འཁྲབ་ཚན་གྱི་ནང་དོན་ལ་ཡང་བོད་མདོ་དབུས་ཁམས་གསུམ་གྱི་རིག་གནས་ཁྱད་ཆོས་འདུས་པར་བྱས་ཡོད་པས། ཨ་མདོ་བརྙན་འཕྲིན་གྱིས་ཨ་མདོ་གཞི་བྱས་ནས་བོད་ཁམས་ཡོངས་ལ་ཞབས་འདེགས་ཞུ་བའི་བྱེད་ཕྱོགས་དང་དམིགས་འབེན་མངོན་པར་བྱས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཐེངས་འདིའི་སྤྲོ་ཚོགས་ཀྱིས་མི་སྣ་གསར་བ་དང་བརྩམས་ཆོས་གསར་བ་མང་པོ་བེད་སྤྱོད་གང་ལེགས་བྱས་ནས་བོད་ཁུལ་གྱི་ན་གཞོན་སྒྱུ་རྩལ་པ་ཚོ་ལ་རང་ཉིད་ཀྱི་སྒྱུ་རྩལ་འཇོན་ནུས་ངོམ་སའི་གར་སྟེགས་ཤིག་འདོན་སྤྲོད་བྱས་ཡོད་པ་དེ་ཡིན་ནོ།།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】  【13】  【14】
    ༄༅།།ཨ་མདོ་བརྙན་འཕྲིན་གྱི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ་《གངས་ལྗོངས་དཔྱིད་ཀྱི་མཆོད་
བསྟོད་》ཅེས་པ་བརྙན་ཕབ་ལེགས་འགྲུབ་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།