འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།《ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་》ཞེས་པའི་དཔེ་དེབ་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱེད་པའི་
    མཛད་སྒོ་དེ་རྡི་ལི་གསར་པར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྡི་ལི་གསར་པའི་འཛམ་གླིང་གི་དཔེ་དེབ་སྟོན་ཚོགས་ཀྱིས་ཚེས་12ཉིན་《ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་》ཞེས་པའི་སློབ་དེབ་འགྲེམས་སྤེལ་བྱེད་པའི་མཛད་སྒོ་འཚོགས་པ་དེ་ནི་སློབ་དེབ་དེ་ཀྲུང་གོ་དང་། དབྱིན་ཇི། ཨུ་རུ་སུ། ཧྥ་རན་སེ། རི་པིན་སོགས་སྐད་ཡིག་བདུན་གྱི་པར་གཞི་གོ་ལ་ཧྲིལ་པོར་འགྲེམས་སྤེལ་ཐོག་མར་བྱས་པ་ཞིག་རེད།
         《ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་》ཞེས་པའི་དཔེ་དེབ་དེ་ལས་ཀྲུང་གོའི་མི་དམངས་ཀྱིས་རི་འགོག་དམག་འཁྲུག་དེ་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་གཡུལ་ས་གཙོ་བོའི་ལོ་རྒྱུས་གནས་བབ་དང་ལེགས་སྐྱེས་ཤིག་ལ་བརྩིས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཆུ་གཞུང་གི་གཞོམ་མེད་བྲག་རིའི་ནུས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་དཔའ་ངར་ཞུམ་མེད་དང་དཔའ་མཛངས་རྟུལ་ཕོད་ཀྱིས་དགྲ་བོར་འགོག་རྒོལ་བྱེད་པའི་སྙིང་སྟོབས་མངོན་པ་བྱས་ཡོད། དཔེ་དེབ་དེའི་ནང་རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས་700ལྷག་ཙམ་དང་། རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་། དེའི་ནང་ཞུགས་མཁན། དཔང་པོ་བྱེད་མཁན་བཅས་50ལྷག་ཙམ། ཀྲུང་གོ་དང་། ཨ་རི། དབྱིན་ཇི། རི་པིན། ཨུ་རུ་སུ་བཅས་ཀྱི་མཁས་དབང་དང་རིགས་གཅིག་མཁས་ཅན་20ལྷག་ཙམ་བཅས་ལ་བཅར་འདྲི་ཞུས་པ་བཀོད་ཡོད།
         འགྲེམས་སྤེལ་མཛད་སྒོའི་ཐོག་ཀྲུང་གོའི་འཛམ་གླིང་གསར་པའི་དཔེ་སྐྲུན་ཁང་དང་རྒྱ་གར་དཔེ་སྐྲུན་མཉམ་ལས་ཕྱོགས་ཀྱིས་《ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་》ཞེས་པའི་དབྱིན་ཡིག་དང་ཧིན་དྷུའི་སྐད་ཡིག་རྒྱ་གར་དུ་འགྲེམས་སྤེལ་བྱས་པའི་པར་དབང་དབང་བསྐུར་ཡི་གེར་མིང་རྟགས་བཀོད་དེ་མི་རིང་བར་སློབ་དེབ་དེ་རྒྱ་གར་གྱི་དཔེ་ཚོང་ཁང་ཁག་ཏུ་འདོན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།