འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་སློབ་ཆེན་སློབ་མ་ལྷ་མཚོ་ཡི་སྐྱེས་སྐར་རོལ་སྟངས་ཤིག

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རིགས་སློབ་ཆེན་སློབ་མ་ལྷ་མཚོ་ཡི་སྐྱེས་སྐར་རོལ་སྟངས་ཤིག
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་1ཚེས་11ཉིན་ཟི་ལིང་མཁར་དུ་ལོ་གསར་བའི་ནང་གི་ཁ་བ་ཐེངས་དང་པོ་བབས་པ་དང་། ཉིན་དེའི་ཞོགས་པའི་མཁའ་དབུགས་ཀྱི་དྲོད་ཚད་ནི་ལྡོག་གྲངས་ཀྱི་ཏུའུ་བཅུ་ལྷག་ཡིན་པ་རེད། ཉིན་འདིར་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་ལྷ་མཚོ་ཡི་ལོ་21ལ་སོན་པའི་སྐྱེས་སྐར་གྱི་ཉིན་མོ་ཡང་ཡིན་པས། ཁོ་མོ་ཞོགས་པའི་དུས་ཚོད་6ཙམ་ནས་ཕྱི་རོལ་དུ་ཕྱིན་ཏེ་སྔོན་ཆད་དང་མི་མཚུངས་པ་མ་ཟད། དོན་སྙིང་ལྡན་པའི་སྐྱེས་སྐར་ཞིག་རོལ་འགོ་བརྩམས་པ་རེད།
         ཁོ་མོའི་སྐྱེས་སྐར་གྱི་ཉིན་འདིར་སྒོ་ངའི་བག་ལེབ་མེད་ལ། ལྷན་འཛོམས་ཡང་མེད་པ་རེད། ཁོ་མོས་ཁྲོམ་སྲང་གཙང་སྦྲ་བྱེད་མཁན་ཚོར་དྲོད་སྐྱིད་སྦྱིན་རྒྱུ་དེ་རང་ཉིད་ཀྱི་སྐྱེས་སྐར་རོལ་སྟངས་བྱས་ནས་གྲོགས་པོའི་རླངས་འཁོར་དུ་རང་ཉིད་ཀྱིས་ཉོས་པའི་ལག་སྲུང་བྱུགས་རྫས་300དང་ལག་འབོལ་300  རྣ་ཤུབས་300བཅས་དྲུད་དེ་ཟི་ལིང་གྲོང་ཁྱེར་གྱི་ཁྲོམ་སྲང་ཆེ་ཆུང་ཁག་ཏུ་རྒྱུ་ནས་མཐོང་ལམ་དུ་བྱུང་བའི་ཁྲོམ་སྲང་གཙང་སྦྲ་མཁན་ཚོར་ལེགས་སྐྱེས་དེ་དག་ཕུལ་བ་རེད།
         ཞིབ་ཚགས་ཅན་གྱི་ལྷ་མཚོས་གསར་འགོད་པར། "ངའི་ཕ་ཡུལ་ནི་མགོ་ལོག་ནས་ཡིན། དེ་ན་དབྱར་རྩྭ་དགུན་འབུ་དང་གྲོ་མ་སོགས་ས་གནས་ཀྱི་རང་བྱུང་ཐོན་རྫས་མང་བོ་ཡོད་པས། སློབ་གསེང་གི་སྐབས་སུ་སྐད་འཕྲིན་གྱི་ཚོང་སྟེགས་ནས་ཐོན་རྫས་དེ་ཚོ་བཙོང་བས་སྒོར་མོ་ཉུང་ཙམ་ཐོབ་ཡོད། དེ་བས། རང་ཉིད་ཀྱི་སྒོར་མོ་1000གིས་ཉོས་པའི་ལག་སྲུང་བྱུགས་རྫས་དང་། ལག་འབོལ། རྣ་ཤུབས་དག་ཁྲོམ་སྲང་ན་ཧུར་ཐག་ངང་ལས་ཀ་བྱེད་བཞིན་པའི་ཁྲོམ་སྲང་གཙང་སྦྲ་བྱེད་མཁན་དེ་ཚོར་སྟེར་གྲབས་ཡོད"ཅེས་བརྗོད་པ་རེད།
         ཉིན་དེའི་དུས་ཚོད་12ཀྱི་སྐབས་སུ་ཡང་། ལྷ་མཚོ་ཡིས་ད་དུང་ཁྲོམ་སྲང་ན་ཁྲོམ་སྲང་གཙང་སྦྲ་བྱེད་མཁན་ཚོར་ལེགས་སྐྱེལ་སྤྲོད་ཀྱི་ཡོད་པ་གསར་འགོད་པས་མཐོང་བ་དང་། ལེགས་སྐྱེས་ཐོབ་པའི་གཙང་སྦྲ་བྱེད་མཁན་ཚོས་འཛུམ་མདངས་ཀྱི་བསུས་ནས་བཀའ་དྲིན་ཞུ་བ་དང་། ལྷ་མཚོས་ཀྱང་སྤྲོ་སེམས་ཁེངས་པའི་ངང་འདི་ནི་ངའི་ཆེས་དོན་སྙིང་ལྡན་པའི་སྐྱེས་སྐར་ཞིག་ཡིན་ཞེས་ལན་འདེབས་ཀྱིན་ཡོད་པ་རེད། 
         ལོ་58ལ་སོན་པའི་བུད་མེད་གཙང་སྦྲ་མཁན་ཝུའུ་ཝན་ཞིའུ་ཡིས་ལྷ་མཚོ་ཡི་ལེགས་སྐྱེས་ཏེ་ལག་འབོལ་དང་། རྣ་ཤུབས། ལག་སྲུང་བྱུགས་རྫས་བཅས་ཐོབ་རྗེས་སེམས་པ་དགའ་པོ་བྱུང་བ་དང་། ཉིན་དེ་ནི་བུ་མོ་ལྷ་མཚོ་ཡི་སྐྱེས་སྐར་ཡིན་པ་ཤེས་འཕྲལ། ལྷ་མཚོ་ལ"སེམས་བཟང་གི་བུ་མོ། ཁྱོད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ"ཞེས་བརྗོད་པ་རེད།
    ༄༅།།བོད་རིགས་སློབ་ཆེན་སློབ་མ་ལྷ་མཚོ་ཡི་སྐྱེས་སྐར་རོལ་སྟངས་ཤིག
    ༄༅།།བོད་རིགས་སློབ་ཆེན་སློབ་མ་ལྷ་མཚོ་ཡི་སྐྱེས་སྐར་རོལ་སྟངས་ཤིག
      

    ཕྱོགས་བསྡུས་གསར་འགྱུར།