འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཞིང་ཆེན་དང་ས་ཁུལ་ཁ་ཤས་ལ་མཉམ་འབྲེལ་བྱས་ནས་བོད་རིགས་དང་
    ཆའང་རིགས། དབྱིས་རིགས་ཀྱི་རིག་གནས་ཐོན་ལས་ཁྱམས་ར་
    བསྐྲུན་པར་སྐུལ་འདེད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་རིག་གནས་ཐིང་ནས་ཤེས་རྟོག་བྱུང་བ་ལྟར་ན། ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཆེད། "ལོ་ལྔ་ཚན་བཅུ་གསུམ་པའི"རིང་ལ་བོད་རང་སྐྱོང་ལྗོངས་ཀྱིས་སི་ཁྲོན་དང་ཀུའེ་ཀྲོའུ། མཚོ་སྔོན་སོགས་ཀྱི་ཞིང་ཆེན་དང་ས་ཁུལ་མཉམ་འབྲེལ་བྱས་ནས་མུ་མཐུད་དུ་བོད་རིགས་དང་ཆའང་རིགས། དབྱིས་རིགས་ཀྱི་རིག་གནས་ཐོན་ལས་ཁྱམས་ར་འཛུགས་སྐྲུན་གྱི་ལས་གཞི་སྐུལ་འདེད་བྱ་རྒྱུ་ཡིན་པ་དང་། སྔོན་རྩིས་ལྟར་ན་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱིར་30ཡན་གཏོང་རྒྱུ་ཡིན་པ་རེད།
         བསྡོམས་རྩིས་གྲངས་གཞི་གསར་ཤོས་ནས་མངོན་པ་ལྟར་ན། བོད་ལྗོངས་ཀྱིས"ལོ་ལྔ་ཚན་བཅུ་གཉིས"ཀྱི་རིང་ལ་རིག་གནས་ལས་གཞིའི་ཕྱོགས་ལ་བསྡོམས་འབོར་མ་དངུལ་སྒོར་ཁྲི་66567བཏང་ཡོད་པ་རེད། དེའི་ནང་ཀྲུང་དབྱང་གི་མ་དངུལ་སྒོར་ཁྲི་65767དང་བོད་ལྗོངས་ཀྱི་མ་དངུལ་སྒོར་ཁྲི་800ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཡོངས་སུ་ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས་543དང་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ནང་སྦྱོར་བྱེད་ས་39འཛུགས་པའི་ལས་གཞི་ལ་མ་དངུལ་སྒོར་ཁྲི་50587བཏང་བ་དང་། མིག་སྔར་དེ་ཚང་མ་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད་པ་རེད།
         2015ལོའི་ལོ་འཁོར་ནང་། བོད་རང་སྐྱོང་ལྗོངས་ཡོངས་སུ་ཆེད་ལས་རིག་གནས་སྒྱུ་རྩལ་ཚོགས་པ་དང་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སོ་སོས་གཤམ་སྐྱོད་འཁྲབ་ཐེངས་5000ལྷག་ཙམ་བྱས། བོད་ལྗོངས་རིག་གནས་ཐིང་གི་སྤྱི་པའི་རིག་གནས་ཁྲུའུ་ཡི་ཁྲུའུ་ཀྲང་ཉི་མས་མཚམས་སྦྱོར་བྱས་པ་ལྟར་ན། "ལོ་ལྔ་ཚན་བཅུ་གཉིས"ཀྱི་དུས་སུ་བོད་ལྗོངས་ཀྱིས་གཞི་རིམ་རིག་གནས་བྱ་འགུལ་སྤེལ་སའི་འཛུགས་སྐྲུན་ལ་སྐུལ་འདེད་བར་མེད་དུ་བཏང་བ་དང་། གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཚོར་ལྷ་མོ་དང་། གཏམ་བརྗོད་ཟློས་གར། བྲོ་གླུ་སོགས་ཀྱི་རིག་གནས་འཁྲབ་སྟོན་བྱས་པ་མ་ཟད། ཚན་རིག་ལག་རྩལ་དང་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་ནས་གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།