འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་གྱིས་རྒྱལ་ཁབ་རང་གི་ཞི་བའི་མཐུན་འགྲིག་གི་འཕེལ་རིམ་ནང་ཀྲུང་གོའི་
    ནུས་པར་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་12ཉིན་ཨ་ཧྥུ་ཀ་ནི་སི་ཐན་གནད་དོན་སྐོར་གྱི་ཕྱོགས་བཞིའི་ལམ་སྲོལ་གྲོས་ཚོགས་ཀྱི་ཨ་ཧྥུ་ཀ་ནི་སི་ཐན་གྱི་འཐུས་མི་ཨ་ཧྥུ་ཀ་ནི་སི་ཐན་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཤི་ཁེ་མ་ཐེ·ཁའར་ཀྲ་དབྱིས་ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་རང་གི་ཞི་བའི་མཐུན་འགྲིག་གི་འཕེལ་རིམ་ནང་ཀྲུང་གོས་བཏོན་པའི་ནུས་པར་བསྔགས་བརྗོད་བྱས་པ་རེད།
         ཁའར་ཀྲ་དབྱིས་ཉིན་དེའི་ཁ་པུར་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་གྲོལ་མ་ཐག་པའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་སྐོར་གྱི་ཕྱོགས་བཞིའི་ལམ་སྲོལ་གྲོས་ཚོགས་ཐད་གསར་འགོད་པའི་དྲི་བ་དང་ལེན་བྱས་ཤིང་། ཁོང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཆབ་སྲིད་ཞི་བདེ་དང་མཐུན་འགྲིག་གི་འཕེལ་རིམ་ནང་ཀྲུང་གོས་དུས་ཡུན་རིང་པོར་ནུས་པ་གལ་ཆེན་བཏོན་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་མུ་མཐུད་ཞུགས་རྒྱུ་མ་ཟད་འཕེལ་རིམ་ཡོངས་ལ་དོ་ཁུར་ཟབ་མོ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཁའར་ཀྲ་དབྱིས་ཚོགས་ཞུགས་ཕྱོགས་བཞི་ཚང་མས་ས་ཁུལ་རང་དུ་འཇིགས་སྐུལ་རིང་ལུགས་མཇུག་སྒྲིལ་བ་དང་ཞི་བདེ་ཡོང་རྒྱུའི་དགོས་ངེས་རང་བཞིན་ནན་བཤད་བྱས་པ་མ་ཟད། “ཨ་ཧྥུ་ཀ་ནི་སི་ཐན་བས་གཙོ་ཁྲིད་དང་། ཨ་ཧྥུ་ཀ་ནི་སི་ཐན་བར་དབང་བའི”མཐུན་འགྲིག་འཕེལ་རིམ་ལ་སྐུལ་སྤེལ་གཏོང་རྒྱུར་གཞོལ་རྒྱུའི་ཁས་ལེན་ཡང་བྱས་ཡོད་ཅེས་བཤད་ཅིང་། ཁོང་གིས་སླད་ཕྱིན་གྱི་ཞི་གྲོས་ནང“དུས་འགོའི་གྲ་སྒྲིག་དང་། ཐད་ཀའི་གྲོས་མོལ། ལག་ལེན་བསྟར་བ”བཅས་དུས་མཚམས་གསུམ་ཚུད་པ་དང་། སྐབས་རྗེས་མའི་གྲོས་མོལ་རིང་འབྲེལ་ཡོད་ཀྱི་གནད་དོན་ཞིབ་ཕྲར་གྲོས་བསྡུར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
         ཕ་ཁི་སི་ཐན་དང་། ཨ་ཧྥུ་ཀ་ནི་སི་ཐན། ཀྲུང་གོ ཨ་རི་བཅས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་སྐོར་གྱི་ཕྱོགས་བཞིའི་ལམ་སྲོལ་གྱི་གྲོས་ཚོགས་ཐོག་མ་དེ་ཚེས་11ཉིན་དབྱི་སི་ལམ་པོ་རུ་ནང་མོལ་བྱས་པ་རེད། དེ་ནི་རྒྱལ་ཁབ་བཞིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེ་དང་མཐུན་འགྲིག་གི་འཕེལ་རིམ་ལ་ཐོག་མར་གྲོས་མོལ་བྱས་པ་ཞིག་ཡིན། ཚོགས་འདུའི་དགོང་མོ་དེར་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དང་། ཕྱོགས་ཁག་གིས་ཟླ་1ཚེས་18ཉིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་དུ་རེས་འཁོར་གཉིས་པའི་གྲོས་མོལ་བྱས་ཏེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བའི་འཕེལ་རིམ་གྱི་ལམ་རིས་གནད་དོན་ལ་གྲོས་བསྡུར་བྱ་རྒྱུའི་ཐག་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།