འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས་2015ལོའི་ཀྲུང་གོའི་ལུས་རྩལ་སྐོར་གྱི་
    གསར་འགྱུར་ཆེ་གྲས་བཅུ་བདམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་30ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས་2015ལོའི་ཀྲུང་གོའི་ལུས་རྩལ་སྐོར་གྱི་
གསར་འགྱུར་ཆེ་གྲས་བཅུ་བདམས་པ།
         2.དབན་ཏ་ཚོགས་པས་དབྱིང་ཧྥང་ལུས་རྩལ་སྨྱན་སྦྱོར་ཚོགས་པ་མཉམ་ཉོ་བྱས་པ།
         ཟླ་2ཚེས་10ཉིན་པེ་ཅིང་དུ་དབན་ཏ་ཚོགས་པ་དང་དབྱིང་ཧྥང་ཚོགས་པའི་དབར་དངོས་སུ་གྲོས་མཐུན་བཞག་པ་རེད། དབན་ཏ་ཚོགས་པས་གྲགས་ཅན་སྒྲིག་གཞི་གསུམ་དང་དབྱིང་ཧྥང་དོ་དམ་སྒྲིག་གཞིའི་སྣེ་ཁྲིད་དེ་ཡོ་སྒོར་དུང་ཕྱུར་10.5ཡི་ཐོག་ནས་སྤྱི་ཁྱབ་པུའུ་སུའེ་ཙེར་དུ་ཡོད་པའི་དབྱིང་ཧྥང་ལུས་རྩལ་སྨྱན་སྦྱོར་ཚོགས་པའི་རྐང་དབང་100%མཉམ་དུ་ཉོས་པའི་ནང་དབན་ཏ་ཚོགས་པས་མ་རྐང་68.2%ཚོད་འཛིན་བྱས་ཡོད་པ་རེད།
         ཟླ་8ཚེས་27ཉིན་དབན་ཏ་ཚོགས་པས་སླར་ཡང་ཨ་སྒོར་དུང་ཕྱུར་6.5ཡི་ཐོག་ནས་འཛམ་གླིང་ཐོག་གི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གཉེར་སྐྱོང་ཀུང་སི་ཆེ་ཤོས་ཏེ། ཨ་རིའི་འཛམ་གླིང་ཐེ་རེན་ཀུང་སིའི་རྐང་དབང་100%མཉམ་ཉོ་བྱས་པའི་ཁྱབ་བསྒྲགས་པ་རེད། གཞན་ཡང་འདི་ལོ་དབན་ཏ་ཡིས་ད་དུང་ཡོ་སྒོར་ཁྲི་4498ཡི་ཐོག་ནས་སི་ཕེན་ཀ་པ་རིམ་པའི་སྤོ་ལོའི་རུ་ཁག་མ་ཏེ་རི་ཅིང་ཅེའི་མ་རྐང་20%ཉོས་པ་རེད།
         འདི་ནི་ཟླ་2ཚེས་10ཉིན་དབན་ཏ་ཚོགས་པས་དབྱིང་ཧྥང་ལུས་རྩལ་སྨྱན་སྦྱོར་ཚོགས་པ་མཉམ་ཉོའི་གྲོས་མཐུན་འཇོག་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ་དང་དབན་ཏ་ཚོགས་པའི་ཏུང་ཧྲི་ཀྲང་ཝང་ཅན་ལིན་(དཀྱིལ་)དང་དབྱིང་ཧྥང་གི་CEOཧྥེ་ལེ་ཕུའུ·པུའུ་ལ་ཐེ་(གཡོན་གྱི་བདུན་པ་)སོགས་སྐུ་མགྲོན་ཚོ་གྲོས་མཐུན་འཇོག་པའི་མཛད་སྒོར་ཞུགས་པའི་གནས་ཚུལ་ཡིན་པ།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།