འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས་2015ལོའི་ཀྲུང་གོའི་ལུས་རྩལ་སྐོར་གྱི་
    གསར་འགྱུར་ཆེ་གྲས་བཅུ་བདམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་30ཉིན། 12:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས་2015ལོའི་ཀྲུང་གོའི་ལུས་རྩལ་སྐོར་གྱི་
གསར་འགྱུར་ཆེ་གྲས་བཅུ་བདམས་པ།
         1.ཀྲུང་གོ་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་ཞི་ཧོ་ཀྲེན་ལེང་སྐུ་གཤེགས་པ།
         ཟླ་1ཚེས་4ཉིན་ཀྲུང་གོ་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་ཞི་ཧོ་ཀྲེན་ལེང་སྙུང་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་85ཡིན་པ་རེད། ཧོ་ཀྲེན་ལེང་དུས་རབས་གོང་མའི་ལོ་རབས་50པ་ནས་བཟུང་ལུས་རྩལ་ལས་ལ་གཞོལ་འགོ་ཚུགས་པ་དང་། པེ་ཅིང་དུ་ཨོ་རྩལ་འགྲན་ཚོགས་གཉེར་རེ་ཞུ་བའི་ནང་ཐེངས་གཉིས་ཞུགས། 1993ལོ་དང་2001ལོར་ཨོ་རྩལ་འགྲན་ཚོགས་གཉེར་རེ་ཞུ་བའི་ཀྲུང་གོ་ཕྱོགས་ཀྱི་གསལ་འདེབས་པ་གནང་སྟེ་པེ་ཅིང་གི་2008ལོའི་ཨོ་རྩལ་འགྲན་ཚོགས་བདེ་བླག་གཉེར་རེ་ཞུ་ཆེད། ནུས་པ་གལ་ཆེན་བཏོན་གནང་ཡོད། འདི་ནི་ཟླ་1ཚེས་10ཉིན་གྱི་སྔ་དྲོ་ལས་རིགས་ཁག་གི་མང་ཚོགས་པེ་ཅིང་པ་པའོ་ཧྲན་པུར་ཁང་དུ་བློ་མཐུན་ཧོ་ཀྲེན་ལེང་གི་སྐུ་ཕུང་དང་ཞལ་གྱེས་ཞུ་བའི་མཛད་སྒོར་ཞུགས་པའི་གནས་ཚུལ་ཡིན་པ།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།