འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོ་དང་རི་པིན་གྱིས“འདོད་སྐོང་མའི”གནད་དོན་ཐད་འཛིན་པའི་ངོས་འཛིན་
    གཅིག་མཐུན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་30ཉིན། 12:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཧན་གོའི་ཕྱི་འབྲེལ་པུའི་གཙོ་དཔོན་དབྱི་པིང་ཧྲིས་ཚེས་28ཉིན་འཚམས་འདྲིར་ཕེབས་པའི་རི་པིན་གྱི་ཕྱི་བློན་ཨན་ཐན་ཝུན་ཞུང་དང་ཧྲོའར་དུ་རི་དམག་གི“འདོད་སྐོང་མའི”གནད་དོན་སྐོར་ལ་ལྷན་འཛོམས་གྲོས་མོལ་བྱས་པ་དང་ཆབས་ཅིག་བསམ་འཆར་གཅིག་མཐུན་བྱུང་ཞིང་། དབྱི་པིང་ཧྲིས་གལ་ཏེ་རི་པིན་ཕྱོགས་ཀྱིས་ཁས་ལེན་བྱས་པ་ལྟར་ལག་བསྟར་ཏན་ཏིག་བྱས་ཚེ་ཧན་གོ་ཕྱོགས་ཀྱིས“འདོད་སྐོང་མའི”གནད་དོན་མཇུག་འགྲིལ་རྒྱུར་ཁས་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཕྱོགས་གཉིས་པོས་ཉིན་དེར་འབྲེལ་ཡོད་གྲོས་མཐུན་ལ་མིང་རྟགས་བཀོད་མེད་པར་ལྷན་འཛོམས་གྲོས་མོལ་མཇུག་འགྲིལ་རྗེས་འཚོགས་པའི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་ཐོག་ཞིབ་ཕྲའི་ནང་དོན་ངག་ཐོག་ནས་ཡོངས་བསྒྲགས་བྱས་པ་རེད།
         གསར་འགོད་པའི་ཚོགས་འདུའི་ཐོག་ཨན་ཐན་ཝུན་ཞུང་གིས་སྐབས་དེར་དམག་དཔུང་ཞུགས་པ་དང་བུད་མེད་མང་པོ་ཞིག་གི་མཚན་སྙན་དང་ལ་རྒྱར་གནོད་འཚེ་བཏང་བར་བརྟེན་རི་པིན་སྲིད་གཞུང་གིས“འདོད་སྐོང་མའི”གནད་དོན་ཐད་འགན་འཁྲི་འཁུར་དགོས་ཞེས་བཤད་ཅིང་། ཁོང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ནང་བློན་ཙུང་ལིའི་བློན་ཆེན་གྱི་མིང་ཐོག་ནས་གནོད་འཚེ་ཕོག་མཁན“འདོད་སྐོང་མ”རྣམས་ལ་ལྷག་བསམ་ཟོལ་མེད་ངང་དགོངས་དག་ཞུ་བ་དང་རང་སྐྱོན་རང་བརྟག་བྱས་པ་རེད”ཅེས་བཤད་པ་རེད།
         དབྱི་པིང་ཧྲིས་ཕྱོགས་གཉིས་པོས་གྲོས་ཐག་བཅད་དེ་ཧན་གོ་ཕྱོགས་ཀྱིས་གནོད་འཚེ་ཕོག་མཁན་གྱི“འདོད་སྐོང་མའི”རོགས་སྐྱོར་ཐེབས་རྩ་འཛུགས་རྒྱུ་ཡིན་པ་དང་། རི་པིན་ཕྱོགས་ཀྱིས་ནོར་སྲིད་སྔོན་རྩིས་སྤྱད་དེ་ཐེབས་རྩ་དེར་རི་སྒོར་དུང་ཕྱུར10(ཨ་སྒོར་ཁྲི་830ཙམ་ཡིན་པའི་)མ་རྩ་གཏོང་རྒྱུ་ཡིན་པ་རེད། གཞན་ཡང་ཧན་གོ་དང་རི་པིན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མཉམ་ལས་བྱས་ཏེ་གནོད་འཚེ་ཕོག་མཁན“འདོད་སྐོང་མའི”མཚན་སྙན་སླར་གསོ་དང་གནོད་འཚེ་ཕོག་མཁན་གྱི་སེམས་པའི་རྨ་ཁ་གསོ་བའི་རྣམ་གྲངས་མང་པོ་སྤེལ་རྒྱུ་རེད་ཅེས་བཤད་པ་རེད།
         རྒྱལ་སྤྱིའི་ཐད་ཕྱོགས་གཉིས་པོས་ཕྱིན་ཆད་རྒྱལ་ཁབ་གཉིས་ཀྱིས“འདོད་སྐོང་མའི”གནད་དོན་ཐད་ཕན་ཚུན་སུན་འབྱིན་དང་སྐྱོན་བརྗོད་བཟོད་བསྲན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ད་ལོའི་ཟླ་11ཚེས་2ཉིན་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་དང་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཧྲོའར་དུ་འགོ་གཙོའི་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་ཀྱིས“འདོད་སྐོང་མའི”གནད་དོན་གྱི་གྲོས་མོལ་བརྒྱུད་རིམ་མགྱོགས་སུ་གཏོང་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།