འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།“མཉམ་དུ་མཛའ་གྲོགས་གླུ་དབྱངས་ལེན”ཞེས་པའི་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་
    གླུ་གཞས་འགྲན་བསྡུར་ཆེ་མོ་ཝེ་ཐེ་ནམ་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་30ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན“མཉམ་དུ་མཛའ་གྲོགས་གླུ་དབྱངས་ལེན”ཞེས་པའི་2015ལོའི་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་གླུ་གཞས་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱིར་དུ་གཉེར་བ་རེད། མཐའ་བསྡུར་ནང་ཚུད་པའི་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་བདམས་ཐོན་པ་ཚོགས་ཆུང་10ཡིས་གར་སྟེགས་གཅིག་གི་ཐོག་འགྲན་བསྡུར་བྱས་ནས་གླུ་སྒྲ་བརྒྱུད་དེ་མཛའ་གྲོགས་བརྒྱུད་སྤྲོད་བྱས་ཡོད་པ་རེད།
         ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ལིའུ་སན་ཀྲན་གྱིས་མཐའ་བསྡུར་ཐོག་ཤིས་ཚིག་བསྒྲོན་སྐབས་ད་ཐེངས་ཀྱི་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་གླུ་གཞས་འགྲན་བསྡུར་ཆེ་མོ་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཟླ་11པར་ཝེ་ཐེ་ནམ་དུ་འཚམས་འདྲི་གནང་མཇུག་འགྲིལ་རྗེས་ཀྱི་རོལ་དབྱངས་འདུ་ཚོགས་ཆེ་གྲས་ཤིག་ཡིན་ལ། ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་65འཁོར་བའི་རིག་གནས་བྱེད་སྒོ་རབ་དང་རིམ་པ་མཇུག་བསྡུའི་བྱེད་སྒོ་ཞིག་ཡིན་པ་དང་དེ་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ངོས་ནས་བརྗོད་ཚེ་གལ་ཆེའི་དོན་སྙིང་ལྡན་ཡོད་ཅེས་བཤད་པ་རེད།
         ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེ་ཝེ་ཐེ་ནམ་སྒྱུ་རྩལ་འཁྲབ་སྟོན་ཅུས་དང་ཀྲུང་གོ་ཀོང་ཤིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།