འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཝེ་ཐེ་ནམ་གྱི་འདི་ལོའི་དཔལ་འབྱོར་འཕར་ཚད་ལོ་ལྔའི་ནང་གི་མཐོ་ཤོས་སུ་སླེབས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་30ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཝེ་ཐེ་ནམ་བསྡོམས་རྩིས་སྤྱི་ཁྱབ་ཅུས་ཀྱིས་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2015ལོའི་ཝེ་ཐེ་ནམ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་(GDP)སྔོན་དཔག་བྱས་ན་6.68%འཕར་རྒྱུ་ཡིན་པ་དེ་ལོ་ལྔའི་ནང་གི་མཐོ་ཤོས་རེད།
         ཝེ་ཐེ་ནམ་བསྡོམས་རྩིས་སྤྱི་ཁྱབ་ཅུས་ཀྱིས་འཕར་ཚད་6.68%དེ་ལས་ཝེ་ཐེ་ནམ་གྱི་དཔལ་འབྱོར“སླར་གསོ་ཤུགས་ཆེན”བྱུང་བ་མཚོན་པའི་ངོས་འཛིན་བྱས་ཡོད་པ་དང་། གཞན་ཡང་འཕར་ཚད་དེ་གཞུང་ཕྱོགས་ཀྱི་དམིགས་ཚད་6.2%ལས་མཐོ་བ་ཡོད་པ་རེད།
         གཞི་གྲངས་གསར་ཤོས་ལྟར་ན། 2015ལོར་ཝེ་ཐེ་ནམ་གྱི་ཞིང་ལས་དང་། ནགས་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་2.6%འཕར་བ་དང་། བཟོ་ལས་ཐོན་སྐྱེད་ཀྱི་སྟོན་གྲངས་9.8%འཕར་བ། ཚོང་ཟོག་སིལ་ཚོང་དང་ཞབས་ཞུའི་ལས་རིགས་ཀྱི་འཕར་ཚད་9.5%འཕར་བ། འཛད་སྤྱོད་རིན་གོང་སྟོན་གྲངས་0.63%འཕར་བ། སྲོག་ཤིང་དངུལ་ལོར་འགྲེམས་ཐལ་ཤོར་ཚད་2.05%འཕར་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་ཝེ་ཐེ་ནམ་གྱི་དཔལ་འབྱོར་འཕར་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཞིང་། 2013ལོ་དང་2014ལོའི་ཝེ་ཐེ་ནམ་གྱི་དཔལ་འབྱོར་འཕར་ཚད་ཁག་སོ་སོར་5.42%དང་5.98%ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།