འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།སང་ལོ་རང་རྒྱལ་གྱིས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་18གསར་སྐྲུན་དང་བསྐྱར་
    སྐྲུན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་30ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་དབྱང་ཁྲོན་ཐང་གིས་ཚེས་28ཉིན་འཚོགས་པའི་2016ལོའི་རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག 2015ལོར་རང་རྒྱལ་གྱི་གཞུང་ལམ་དང་ཆུ་ལམ་ལ་གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་1.8ལས་བརྒལ་བ་དང་། འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་222དང་ཏུན་དུང་ཕྱུར་475སོ་སོར་ཟིན་ཡོད། 2016ལོར་རང་རྒྱལ་གྱིས་མྱུར་བགྲོད་གཞུང་ལམ་སྤྱི་ལེ་4500ལྷག་ཙམ་རིང་དུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་18 གསར་སྐྲུན་དང་བསྐྱར་སྐྲུན་བྱ་རྒྱུ། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་སྤྱི་ལེ་ཁྲི་1.6རིང་དུ་གཏོང་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         2016ལོར་འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྒྱུར་བཅོས་ཀྱི་འགག་སྒྲོལ་མུ་མཐུད་ཟབ་ཏུ་གཏོང་རྒྱུ་ཡིན་པ་དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མ་འཇོག་དང་མ་རྩ་མཉམ་འདྲེས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་དང་། གྲུ་ཁའི་རིན་བསྡུའི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་རིན་བསྡུ་མུ་མཐུད་གཙང་སེལ་དང་ཚད་ལྡན་དུ་གཏོང་རྒྱུ། བོགས་གཏོང་རླངས་འཁོར་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་མཚོན་བྱེད་རང་བཞིན་གྱི་གྲོང་ཁྱེར་བདམས་ནས་ཚོད་ལྟ་བྱས་ཏེ་དྲ་སྦྲེལ་སྟེགས་བུའི་གསར་དར་ཞབས་ཞུའི་ལས་སྒོའི་ལྟ་སྐུལ་དོ་དམ་གྱི་རྣམ་པ་དང་ལག་རྩལ་བྱེད་ཐབས་གསར་གཏོད་བྱ་རྒྱུ་བཅས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།