འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་གོང་མ་ཚང་གི་པར་ལེན་མཁས་པས་ང་དང་འཛམ་གླིང་ལ་བོད་ལྗོངས་གཅིག་
    མ་གཏོགས་མེད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་29ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།དབྱིན་ཇིའི་གོང་མ་ཚང་གི་པར་ལེན་མཁས་པས་ང་དང་འཛམ་གླིང་ལ་བོད་ལྗོངས་གཅིག་
མ་གཏོགས་མེད་ཅེས་བརྗོད་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ནི་མི་མང་པོས་རེ་སྙེག་བྱེད་ས་ཡིན་ལ་བོད་ལྗོངས་སུ་འགྲོ་མྱོང་མཁན་ཚོ་ནི་འགྱོད་པ་སྐྱེ་མཁན་གཅིག་ཀྱང་མེད་པ་མ་ཟད། ཡང་བསྐྱར་བོད་ལྗོངས་སུ་འགྲོ་འདོད་པ་དང་དངོས་སུ་འགྲོ་མཁན་ཡང་ཡོད་པ་རེད། དབྱིན་ཇའི་གོང་མའི་ཚང་གི་པར་ལེན་མཁས་པ་དེ་ཡང་དེའི་ཁྲོད་ཀྱི་གཅིག་ཡིན། 
         བོད་ལྗོངས། ནམ་མཁའ་དང་ཉེ་ཤོས་ཀྱི་ས་ཆ། སྔོ་ཞིང་དྭངས་པའི་ནམ་མཁའ། དལ་བུར་བཞུད་པའི་སྤྲིན་དཀར། དག་ཅིང་གཙང་བའི་གངས་རིའི་འཁྱགས་རོམ། འོད་ཟེར་སྟོང་ལྡན་འཕྲོ་བའི་བོད་ཀྱི་རིག་གནས། བོད་ལྗོངས་ཀྱིས་ལོ་རྒྱུན་དུ་ཡུལ་སྐོར་བ་འབོར་ཆེན་འགུགས་བཞིན་ཡོད། མི་མང་པོས་རྐང་ཐང་དུ་འགྲོ་བ་དང་། རྐང་འཁོར་བཞོན་ནས་འགྲོ་བ། སྒེར་འཁོར་བཏང་ནས་འགྲོ་བ། མེ་འཁོར་བསྡད་ནས་འགྲོ་བ་སོགས་བྱ་ཐབས་མི་འདྲ་བའི་ཐོག་ནས་བོད་ལྗོངས་སུ་བསྐྱོད་པ་དང་སྐྱོད་བཞིན་ཡོད།
         པར་ལེན་མཁས་པ་Matjaz Krivicསི་ལུའོ་ཝུན་ཉི་ཡ་ནི་1972ལོར་སྐྱེས་པ་དང་། ལོ་20རིང་དུ་འཛམ་གླིང་གི་ཡུལ་ཕྱོགས་སོ་སོར་བསྐྱོད་པ་དང་པར་ལེན་བརྩམས་ཆོས་མང་ཆེ་བ་ནི་དབུལ་ཕོངས་ས་ཁུལ་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ཆོས་ལུགས་ཀྱི་སྐོར་རེད། 2002ལོར་དབྱིན་ཇིའི་གོང་མ་ཚང་གི་པར་ལེན་རིག་གཞུང་ལྷན་ཚོགས་ཀྱིས་ལོ་འཁོར་མོའི་པར་ལེན་མཁས་པར་བདམས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།དབྱིན་ཇིའི་གོང་མ་ཚང་གི་པར་ལེན་མཁས་པས་ང་དང་འཛམ་གླིང་ལ་བོད་ལྗོངས་གཅིག་
མ་གཏོགས་མེད་ཅེས་བརྗོད་པ།
      

    ཕྱོགས་བསྡུས་གསར་འགྱུར།