འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་བཅུ་སྲུང་སྐྱོང་བྱས་པ་བརྒྱུད་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོར་སླར་ཡང་གསོན་ཉམས་རྒྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་30ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    པར་འདི་ནི“མཚེའུ་སྟོང་ལྡན་རྫོང”ཞེས་འབོད་པའི་རྨ་སྟོད་རྫོང་གི་མཚེའུས་ཁེངས་པའི་ཡུལ་ལྗོངས་ཡིན་པ།
    པར་འདི་ནི“མཚེའུ་སྟོང་ལྡན་རྫོང”ཞེས་འབོད་པའི་རྨ་སྟོད་རྫོང་གི་མཚེའུས་ཁེངས་པའི་ཡུལ་ལྗོངས་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཉེ་དུས་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་གྱི་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་པ་རེད།
         མཚོ་སྔོན་ཞིང་ཆེན་གྱི་དབུས་རྒྱུད་དང་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཆགས་ཤིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ནས་4800བར་ཡོད་པའི་གཙང་གསུམ་ཆུ་འགོ་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པ་དེར“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཞེས་བརྗོད་ཀྱི་ཡོད་པ་རེད།
         རྒྱལ་ཁབ་ཀྱིས་བྱ་སྤྱོད་གལ་ཆེན་གཙང་གསུམ་ཆུ་འགོར་སྤེལ་དོན་གང་ཡིན་ནམ། དེ་ནི་འདས་ཟིན་པའི་ལོ་30ཡི་ནང་སྣོད་བཅུད་ཇེ་སྡུག་ཏུ་སོང་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ལ་གནོད་སྐྱོན་ཚབས་ཆེན་ཕོག་པ་དང་། ལྷག་པར་དུ་ལོ་བཅུ་སྲུང་སྐྱོང་བྱས་པ་བརྒྱུད་ད་ཆ“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ནས་སླར་ཡང་གསོན་ཉམས་མངོན་པས་རེད།  
          གཙང་གསུམ་ཆུ་འགོ་དང་མི་ཚང་མའི་ལས་དབང་གཅིག་ཏུ་སྦྲེལ་བ།
         གཙང་གསུམ་ཆུ་འགོར་ཁུ་ནུ་རི་རྒྱུད་ཀྱི་གདང་ལ་རི་བོ་སོགས་དེའི་དབུས་ནས་ཆགས་པ་དང་། གངས་རི་དང་འཁྱག་རོམ་གང་སར་ཁྱབ་པ། ཆུ་བོ་དང་མཚོ་མཚེའུ་ཡི་ཡན་ལག་གང་སར་རྒྱས་ནས་ཡོད་པ་རེད། དེ་ནས་ལོ་ལྟར་ཆུ་སྨད་དུ་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ཟིན་ཞིང་། གཙང་གསུམ་ཆུ་འགོའི་ཆུ་འདྲེན་ཚད་དེས་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འདྲེན་བསྡོམས་འབོར་གྱི་25%དང་། 49% 15%བཅས་སོ་སོར་ཟིན་ཡོད་པ་རེད།
         ཆུ་འགོ་དྭངས་གཙང་གནས་ན་ཆུ་སྨད་སྔོ་ལྗང་གནས་ངེས། འོན་ཏེ་དོན་དངོས་སུ་ཚང་མ་བསམས་པ་བཞིན་བློ་ཡིད་ཚིམ་པ་ཞིག་ཡོང་གི་མེད། ཆུ་འགོ་ལོ་རེ་བཞིན་ཉུང་དུ་འགྲོ་བ་དང་། ཆུ་སྨད་དུ་ཡོད་པའི་ཆུ་མཛོད་ཀྱི་ཆུ་གསོག་དུས་ཚིགས་ལོ་རེ་བཞིན་ཤར་སྔ་རུ་འགྲོ་བ། འཁྱག་རོམ་བཞུ་ཚབས་ཆེ་རུ་འགྲོ་བ་ལ་སོགས། དུས་རབས་གོང་མའི་ལོ་རབས་བདུན་ཅུ་པ་ནས་བཟུང་གནམ་གཤིས་འགྱུར་ལྡོག་དང་ཕྱུགས་རིགས་འཚོ་དྲགས་པ་སོགས་ལས་གཙང་གསུམ་ཆུ་འགོའི་སྤང་ས་དང་ནགས་སའི་རྒྱ་ཁྱོན་ཇེ་ཆུང་དུ་ཕྱིན་ཞིང་། འདམ་ར་དང་ཆུ་བོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་375ཉུང་དུ་སོང་བ་དེ་ཧ་ལམ་ཤིས་ཧུའུ་མཚེའུ་58ཀྱི་རྒྱ་ཁྱོན་དང་མཚུངས།
         “མི་མང་པོ་ཞིག་གིས་གཙང་གསུམ་ཆུ་འགོ་ང་ཚོ་དང་རྒྱང་ཐག་རིང་བས་འབྲེལ་བ་དེ་ཙམ་མེད་པའི་ངོས་འཛིན་མོད། འོན་ཏེ་དོན་དངོས་ཐོག་མི་ཚང་མའི་ལས་དབང་དང་གཅིག་ཏུ་སྦྲེལ་ཡོད”གཙང་གསུམ་ཆུ་འགོར་དུས་ཡུན་རིང་པོ་སྣོད་བཅུད་ཚན་རིག་ཞིབ་འཇུག་བྱེད་པའི་པེ་ཅིང་སློབ་ཆེན་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་པ་ཀྲའོ་ཞང་གིས། གཙང་གསུམ་ཆུ་འགོའི་ཆུ་རྩ་གསོ་འཁྱོངས་ཀྱི་ནུས་པ་དེ་ཆུ་སྨད་ཀྱི་མི་དུང་ཕྱུར་དུ་མའི་ཞིང་ཆུ་དང་འཐུང་ཆུ་སོགས་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད། འཛམ་གླིང་གི་གནམ་གཤིས་འཁོར་སྒུལ་ཁུལ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་གཙང་གསུམ་ཆུ་འགོ་ནི་ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་སྣོད་བཅུད་གནས་བབ་དང་། དེ་བཞིན་གནམ་གཤིས་འཕོ་འགྱུར་བྱུང་ཚད་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་ཞེས་བཤད་པ་རེད།
         དེའི་ཕྱིར་རྒྱལ་ཁབ་ཀྱིས་2015ལོར་རང་རྒྱལ་གྱི་སྣོད་བཅུད“དུས་རབས་ལས་གྲྭ”ཆེ་ཤོས་ཏེ། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་ལག་ལེན་བསྟར་འགོ་བཙུགས་ཤིང་། རྨོ་བསྐྱུར་ནགས་གསོ་དང་། འདམ་ར་སྲུང་སྐྱོང་། སྣོད་བཅུད་གནས་སྤོ། མི་ཐབས་ཆར་འབེབས་སོགས་ཀྱི་བབ་བསྟུན་བྱེད་ཐབས་མང་དག་ཅིག་སྤྱད་ནས་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སླར་གསོ་ཡོང་ཐབས་བྱས་ཡོད་པ་རེད།     
         སྣོད་བཅུད་ཉམས་ཞན་དུ་འགྱུར་ཚུལ་བཀག་འགོག་རགས་ཙམ་ཐུབ་པ།
         འདི་ལོ་ལོ་64ལ་སླེབས་པའི་མཱ་ཡུས་ཧྲའུ་ནི་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་སྨན་པའི་ཚན་རིག་ཁང་གི་དགེ་རྒན་ཆེ་མོ་བ་ཞིག་རེད། སྣོད་བཅུད་ལ་ཞིབ་འཇུག་བྱས་ནས་ལོ་30ཙམ་སོང་བ་དང་རྩྭ་འདེབས་ལས་སུ་ཞུགས་ནས་ལོ་20ཙམ་སོང་བའི་ཁོང་ལ་མི་རྣམས་ཀྱིས“རྩྭ་འདེབས་འབུམ་རམས་པ”ཞེས་འབོད་ཀྱི་ཡོད། ཁོང་གི་བསམ་འདུན་ནི་སྤང་རྩྭ་དང་རྩི་ཤིང་གཙང་གསུམ་ཆུ་འགོ་ཡོངས་ལ་འདེབས་རྒྱུ་དེ་རེད།
         དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་མཇུག་ཏུ་ས་ནག་གྲམ་ཐང་གི་རྒྱ་ཁྱོན་ཆེ་རུ་མྱུར་དུ་སོང་བས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྩྭ་ཐང་སྣོད་བཅུད་བཅོས་སྐྱོང་བྱེད་འགོ་བཙུགས་པ་རེད། སྐབས་དེར་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་སྨན་པའི་ཚན་རིག་ཁང་གི་ཞིབ་འཇུག་པ་ཡིན་པའི་ཁོང་གིས་གོང་རིམ་གྱི་བཀའ་དང་ལེན་ཞུས་ཏེ་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་དུ་ཡོང་ནས“རྩྭ་འདེབས”ཀྱི་མི་ཚེ་སྐྱེལ་འགོ་བཙུགས་པ་རེད།
         མཱ་ཡུས་ཧྲའོ་ལ་རྩྭ་འདེབས་པའི་རིང་ལ་དཀའ་ངལ་མང་པོ་འཕྲད་ཅིང་། ཐོག་མའི་ལོ་གཉིས་སུ་འཕྲུལ་འཁོར་མེད། སྐབས་དེར་ཁོང་དང་ཚན་ཞིབ་པ་འགའ་ཞིག་གིས་མཉམ་དུ་ལག་གཉིས་ཀྱིས་ཐོང་གཤོལ་འཐེན་ནས་ས་ནག་གྲམ་ཐང་ཆུང་ངུ་ཞིག་རྨོས་ཏེ་ནང་སོག་ནས་ནང་འདྲེན་བྱས་པའི་རྩྭ་སོན་འདེབས་འཛུགས་བྱས་ཀྱང་ལོ་གཉིས་པར་རྩྭ་རྐང་གཅིག་ཀྱང་སྐྱེས་མེད་པ་རེད།
         ལོ་གསུམ་པར་རྩྭ་ཐང་ཉམས་ཞན་དུ་འགྲོ་བའི་གནས་ཚུལ་སྔར་བཞིན་ཐོན་ཏེ་གཙང་གསུམ་ཆུ་འགོ་ས་ཁོངས་ཀྱི་གཙང་པོ་དང་ཆུ་བོ་སྐམ་འགོ་ཚུགས་པ་མ་ཟད། ད་དུང་གནའ་བོའི་འཁྱག་རོམ་ཁག་གཅིག་ཀྱང་མྱུར་དུ་ཞུས་པ་ལ་སོགས།
         རྩྭ་འདེབས་རྒྱུ་བྱེད་ཐབས་གཙོ་བོར་བྱས་པའི་ས་ནག་གྲམ་ཐང་བཅོས་སྐྱོང་ལ་གཞོགས་འདེགས་བྱེད་ཆེད་རྩྭ་ཐང་ཐོག་གི་ཨ་བྲ་རྩ་མེད་གཏོང་བ་དང་། ལྕགས་དྲ་བསྐོར་བ། ཕྱུགས་རིགས་བཀག་ནས་རྩྭ་གསོ་བ་སོགས་ཀྱི་རྣམ་གྲངས་སྔ་རྗེས་སུ་ལག་ལེན་བསྟར་ལ་རང་བྱུང་ཤིང་ནགས་སྲུང་སྐྱོང་དང་། བྱེ་ས་ཅན་འགོག་བཅོས། མི་ཐབས་ཆར་འབེབས་སོགས་ཀྱི་རྣམ་གྲངས་ཀྱང་དུས་མཚུངས་སུ་ལག་ལེན་བསྟར་ཞིང་། གཙང་གསུམ་ཆུ་འགོའི་འབྲོག་པ་ཁྲི་5.5མི་རབས་མང་པོ་འཚོ་བའི་རྩྭ་ཐང་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་སྤོས་པ་ལ་སོགས་བྱས།
         འབད་བརྩོན་བྱས་པར་འབྲས་བུ་བཟང་པོ་ཐོབ་ཅིང་། འདི་ལོའི་ཟླ་བ་ལྔ་པར་ཀྲུང་གོ་ཚན་རིག་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཚོད་སྐོར་སྙན་ཞུའི་ཐོག་ནས་མངོན་པར། གཙང་གསུམ་ཆུ་འགོའི་སྣོད་བཅུད་ཉམས་ཞན་དུ་འགྱུར་བའི་གནས་ཚུལ་བཀོག་འགོག་རགས་ཙམ་ཐུབ་པ་དང་སྤྱིར་ན་གནས་ཚུལ་ཞི་ལྷོད་དུ་སོང་ཡོད་པ་རེད།     
         དེང་དུས་ཀྱི་གཙང་གསུམ་ཆུ་འགོའི་གནས་ཚུལ་ཅི་འདྲ་ཡིན་ནམ།
         ཆུ་བོ་རྒྱས་ཤིང་། རྨ་སྟོད་རྫོང་ཁོངས་ཀྱི་རྩྭ་ཐང་དུ་རིན་ཆེན་སྔོན་པོས་བརྒྱན་པ་ལྟ་བུའི་མཚེའུ་མང་དག་ཆགས་པ་ལ་སོགས།
         འདམ་རའི་རྒྱ་ཁྱོན་ཆེ་རུ་སོང་ཞིང་། ཆར་པ་བབས་རྗེས་ཆུ་ཡིས་ཁེངས་པའི་འདམ་རའི་ཐོག་མཚེའུ་གསར་མང་པོ་ཆགས་པ།
         རྩྭ་མང་དུ་སོང་ཞིང་། ཉམས་ཞན་དུ་གྱུར་པའི་སྤང་རྩྭ་རིམ་བཞིན་སླར་གསོ་བྱུང་ནས་སྔོ་མདངས་རྒྱས་པ།
         གང་ས་གང་ནས་སྲོག་ཆགས་མཐོང་རྒྱུ་ཡོད་ཅིང་། རྩྭ་ཐང་ཐོག་གཙོད་ཁྱུ་རྩེད་མོར་རོལ་བ་དང་། རྐྱང་གིས་ཕར་རྒྱུག་ཚུར་རྒྱུག་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་དུ་མཚན་ལ་གསའ་ཡོང་བ་ལ་སོགས།    
         ཆུ་མོ་དྭངས་ལ་རི་ཀླུང་སྔོ་བས་ལྗང་མདོག་གི་རྒྱུ་ནོར་འཕེལ་བ།
         ལོ་35ལ་སླེབས་པའི་ལི་མིང་མིང་ཧྲང་ཧའེ་ནས་ཡོང་བའི་ཡུལ་སྐོར་བ་ཞིག་རེད། ལོ་12གོང་ཁོང་ཐེངས་དང་པོར་གཙང་གསུམ་ཆུ་འགོར་ཡོང་བ་ནས་བཟུང་ཡུལ་དེ་གར་བརྩེ་དུང་ཆེན་པོ་སྐྱེས་ཤིང་། ཉེ་བའི་ལོ་ཤས་རིང་ཁོང་དེ་གར་སླེབས་རིམ་བཞིན་ངོ་མཚར་དང་སྤྲོ་སྣང་གིས་མྱོས་པར་བྱེད།
         སྣོད་བཅུད་ཁོར་ཡུག་རིམ་བཞིན་སླར་གསོ་བྱུང་བ་དང་བསྟུན་ནས་གཙང་གསུམ་ཆུ་འགོར་ཡོང་མཁན་ཡུལ་སྐོར་བ་ཇེ་མང་ནས་ཇེ་མང་དུ་འགྲོ་གི་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་སྡོམ་རྩིས་ཆ་འཕྲིན་དྲ་ཚིགས་ཐོག་གི་གྲངས་གཞིའི་ཐོག་མངོན་པར་གཞིགས་ན། 2014ལོར་མཚོ་སྔོན་ཞིང་ཆེན་དུ་ཡོང་མཁན་ཡུལ་སྐོར་བའི་བསྡོམས་འབོར་མི་ཐེངས་ཁྲི་2006ཙམ་ཟིན་པ་དེ་ལོ་གོང་མ་ལས་12.6%འཕར་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་200ལས་བརྒལ་བ་དེ་ལོ་གོང་མ་ལས་27.3%འཕར་ཡོད་པ་རེད།
         ལྗང་མདོག་ལས་གཙང་གསུམ་ཆུ་འགོར་རྒྱུ་ནོར་འཕེལ་བས་འབྲོག་པ་ཚོར་ཡང་ཁེ་སྤོགས་ཐོབ་ཅིང་། འབྲོག་པ་ཚེ་རིང་རྡོ་རྗེ་ཚང་ནི་གཉན་པོ་གཡུ་རྩེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་འགྲམ་གྱི་མགོ་ལོག་ཀྲོའུ་གཅིག་སྒྲིལ་རྫོང་སོག་རུ་ཤང་དུ་ཡོད་ལ། རྩྭ་ས་བཀག་ནས་ཕྱུགས་རིགས་ཉུང་དུ་བཏང་རྗེས“འབྲོག་པའི་སྤྲོ་སྐྱིད་ཁང”གཉེར་ནས་ཡུལ་སྐོར་བ་ཚོར་ཟ་སྡོད་མཁོ་འདོན་བྱས་པ་རེད།
         དེ་རྗེས་ཕྱིར་གཏོང་ཞིབ་བཤེར་རིམས་བཤེར་སོགས་ལེ་ལག་ཚང་བའི་བྱེད་ཐབས་རྒྱུན་ཆད་མེད་པར་བཏོན་པས་གཙང་གསུམ་ཆུ་འགོའི་འབྲོག་ལས་རིམ་བཞིན་སྤུས་རྟགས་ཅན་གྱི་ལམ་དུ་བསྐྱོད་ཡོད་པ་རེད།
         ལོ་10རིང་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་རང་བརྟེན་འཕེལ་རྒྱས་བཏང་བ་བརྒྱུད་སྨད་རྒྱུད་ལ་རྒྱུ་ནོར་གསོག་རྟེན་བཏོད་ཡོད་པ་རེད།
    འདི་ནི་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་གི་རྨ་ཆུའི་ཟམ་ཆེན་ཐོག་ནས་པར་བརྒྱབ་པའི་དར་ཆུའི་མཛེས་ལྗོངས་ཡིན་པ།
    འདི་ནི་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་གི་རྨ་ཆུའི་ཟམ་ཆེན་ཐོག་ནས་པར་བརྒྱབ་པའི་དར་ཆུའི་མཛེས་ལྗོངས་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།