འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་དུས་ཐོག་དང་གྲངས་ཚང་
    འཇལ་རྒྱུ་ཡིན་ལ་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་ཆ་གསེས་གྲོན་དངུལ་
    ཡང་སྤྲོད་རྒྱུ་ཡིན་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་29ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཁོངས་རྒྱལ་ཁབ་ཀྱིས་འཁུར་འོས་པའི་ནོར་སྲིད་འོས་འགན་མུ་མཐུད་བསྒྲུབས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་དུས་ཐོག་དང་གྲངས་ཚང་འཇལ་རྒྱུ་ཡིན་ལ། ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་ཆ་གསེས་གྲོན་དངུལ་སྤྲོད་རྒྱུའི་ཐད་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པའི་དམིགས་བསལ་འགན་འཁྲི་འཁུར་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཚེས་23ཉིན་གྱི་དགོང་མོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་རྒྱལ་ཁབ་ཁག་གི་2016ལོ་ནས་2018ལོ་བར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་དང་ཞི་བདེ་སྲུང་སྐྱོང་གི་གྲོན་དངུལ་ཆ་གསེས་ཀྱི་ཁག་བགོས་བསྡུར་ཚད་ལ་གྲོས་འཆམ་བྱུང་བ་རེད། དེར་བརྟེན་འབྱུང་འགྱུར་ལོ་གསུམ་ནང་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་7.921%དང་ཞི་བདེ་སྲུང་སྐྱོང་གི་ཆ་གསེས་གྲོན་དངུལ་10.2%སྤྲོད་རྒྱུ་རེད། མིག་སྔའི་ཆུ་ཚད་ལ་གཞིགས་ན་ཀྲུང་གོ་འདི་ཉིད་ཨ་རི་དང་རི་པིན་ཕུད་པའི་ཚོགས་དངུལ་སྤྲོད་མང་བའི་རྒྱལ་ཁབ་ཨང་གསུམ་པར་གྱུར་པ་དང་ཨ་རི་ཕུད་པའི་ཞི་བདེ་སྲུང་སྐྱོང་གི་གྲོན་དངུལ་ལེགས་སྐྱེས་རྒྱལ་ཁབ་ཨང་གཉིས་པར་གྱུར་ཡོད་པ་རེད།
         ལུའུ་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་གསར་གཏོད་ཚོགས་ཁོངས་རྒྱལ་ཁབ་ཡིན་པའི་ཀྲུང་གོས་《མཉམ་འབྲེལ་རྒྱལ་ཚོགས་སྒྲིག་ཡིག་》གི་དམིགས་ཡུལ་དང་རྩ་དོན་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི་གཏོང་སྤྲོད་ནུས་པའི་རྩ་དོན་གཞིར་བཟུང་མཉམ་འབྲེལརྒྱལ་ཚོགས་ཀྱི་ཚོགས་དངུལ་དང་ཞི་བདེ་སྲུང་སྐྱོང་གི་ཆ་གསེས་གྲོན་དངུལ་དུས་ཐོག་དང་། གྲངས་ཚང་། ཆ་རྐྱེན་མེད་པ་བཅས་ཀྱི་སྒོ་ནས་འཇལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ལུའུ་ཁང་གིས་འབྱུང་འགྱུར་ལོ་གསུམ་ནང་ཀྲུང་གོས་འགན་འཁུར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་དང་ཞི་བདེ་སྲུང་སྐྱོང་གི་ཆ་གསེས་གྲོན་དངུལ་མང་དུ་ཆེས་ཆེར་གཏོང་རྒྱུ་དེ་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཨང་གཉིས་པ་ཡིན་པའི་ཀྲུང་གོ་འདི་ཉིད་ཉེ་བའི་ལོ་ཤས་རིང་གི་དཔལ་འབྱོར་སྤྱི་འབོར་འཕར་བའི་འབྲས་བུ་སྨོས་མེད་ཅིག་རེད་ཅེས་བརྗོད་པ་རེད།
         ཁོང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་དམའ་པོ་རེད། རྒྱལ་ཁབ་ཁག་གི་ཚོགས་དངུལ་གྱི་བསྡུར་ཚད་གཏན་འཁེལ་བྱེད་རིང་ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ངེས་གནས་ལ་བསམ་གཞིག་གང་ལེགས་དང་ཀྲུང་གོའི་གཏོང་སྤྲོད་ནུས་པར་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་དཔྱད་དཔོག་བྱས་པ་དང་དུས་མཚུངས་ཀྲུང་གོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་མི་རེའི་ཆ་སྙོམས་ཡོང་འབབ་དམའ་བའི་གུ་ཡངས་ཉུང་གཏོང་སོགས་ཀྱི་ཐོབ་ཐང་སོར་འཇོག་བྱས་པ་དེ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་གཏོང་སྤྲོད་ནུས་པའི་རྩ་དོན་མངོན་ཡོད་ཅེས་བརྗོད་པ་རེད།
         ཁོང་གིས་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ཚོགས་ཁོངས་རྒྱལ་ཁབ་ཀྱི་འཁུར་དགོས་ངེས་ཀྱི་ནོར་སྲིད་འོས་འགན་མུ་མཐུད་འཁུར་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་དུས་ཐོག་དང་གྲངས་ཚང་འཇལ་རྒྱུ་མ་ཟད། ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་ཆ་གསེས་གྲོན་དངུལ་སྤྲོད་རྒྱུའི་ཐད་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པའི་དམིགས་བསལ་གྱི་འགན་འཁྲི་དེ་འཁུར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུའི་ཐད་ནུས་པ་སྔར་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།