འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལ་མགྱོགས་
    མྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་29ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་《སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བྱེད་ཐབས་》པར་འགྲེམས་བྱས་ནས་ཞིང་ཆེན་དེ་ཡོངས་ཀྱི་སྤྱི་འདོམས་ས་ཁོངས་ནང་གི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་དེ་བཞིན་ནད་རིགས་ལ་ཁྱབ་པའི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལག་བསྟར་བྱས་ཏེ་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གཏོང་ལེན་གྱི་སྔོན་རྩིས་བསྡོམས་འབོར་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ནད་རིགས་ལ་གཞིགས་ཏེ་སྨན་རིན་སྤྲོད་རྒྱུ་གཙོ་བོར་བྱེད་པ་དང་མི་གྲངས་དང་། ཉལ་ཁྲི། ཞབས་ཞུའི་སྡེ་ཚན་སོགས་ལ་གཞིགས་པའི་མཉམ་འདྲེས་རྣམ་པའི་སྨན་རིན་སྤྲོད་སྟངས་གཏོད་དེ་རྣམ་གྲངས་གཞིར་བཟུང་སྨན་རིན་སྤྲོད་རྒྱུ་རིམ་གྱིས་ཉུང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
         ཇུས་གཞིའི་བླང་བྱ་གཞིར་བཟུང་། 2015ལོའི་ལོ་མཇུག་ཏུ་སླེབས་སྐབས། བསྡོམས་འབོར་ཚོད་འཛིན་གྱི་རྨང་གཞིའི་ཐོག་གི་མཉམ་འདྲེས་རྣམ་པའི་སྨན་རིན་སྤྲོད་སྟངས་སྒྱུར་བཅོས་དེ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཚང་མར་ཁྱབ་ཡོད། 2016ལོར་སྤྱི་འདོམས་ས་ཁུལ་ཁག་གིས་སྤེལ་བའི་ནད་རིགས་ལ་གཞིགས་ཏེ་སྨན་རིན་སྤྲོད་པའི་ནད་རིགས་30ལས་མི་ཉུང་བ་བྱ་རྒྱུ། ཞིང་ཆེན་རིམ་པ་དེ་རང་དང་། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར་བཅས་ཀྱིས་མཉམ་འདྲེས་རྣམ་པའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་ཀྱི་ཐེབས་རྩའི་གཏོང་ཆས་བཟུང་བའི་བསྡུར་ཚད་50%ཟིན་རྒྱུ་དང་། མཚོ་ལྷོ་ཀྲོའུ་དང་། མཚོ་བྱང་ཀྲོའུ། མཚོ་ནུབ་ཀྲོའུ། རྨ་ལྷོ་ཀྲོའུ་བཅས་30%ཟིན་རྒྱུ། མགོ་ལོག་ཀྲོའུ་དང་ཡུལ་ཤུལ་ཀྲོའུ་20%ཟིན་རྒྱུ་བཅས་དང་། 2017ལོར་ཞིང་ཆེན་དེ་ཡོངས་ཀྱིས་བསྡོམས་འབོར་ཚོད་འཛིན་འོག་གི་བསྡོམས་འབོར་དང་། ནད་རིགས། མི་གྲངས། བཅད་གྲངས་སོགས་ལ་གཞིགས་པའི་མཉམ་འདྲེས་རྣམ་པའི་སྨན་རིན་སྤྲོད་སྟངས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སྤེལ་བའི་ནད་རིགས་ལ་གཞིགས་པའི་རིན་སྤྲོད་པའི་ནད་རིགས་50ལས་མི་ཉུང་བ་བྱ་རྒྱུ། ཞིང་ཆེན་རིམ་པ་དེ་རང་དང་། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར་བཅས་ཀྱིས་མཉམ་འདྲེས་རྣམ་པའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་ཀྱི་ཐེབས་རྩའི་གཏོང་ཆས་བཟུང་བའི་བསྡུར་ཚད་80%ཟིན་རྒྱུ་དང་། མཚོ་ལྷོ་ཀྲོའུ་དང་། མཚོ་བྱང་ཀྲོའུ། མཚོ་ནུབ་ཀྲོའུ། རྨ་ལྷོ་ཀྲོའུ་བཅས་ལ་60%ཟིན་རྒྱུ། མགོ་ལོག་ཀྲོའུ་དང་ཡུལ་ཤུལ་ཀྲོའུ་ལ་50%ཟིན་རྒྱུ་བཅས་རེད། སླད་ཕྱིན། ནད་རིགས་ལ་གཞིགས་ཏེ་སྨན་རིན་སྤྲོད་པའི་ནད་རིགས་ཀྱི་གྲངས་འབོར་རིམ་གྱིས་མང་དུ་བཏང་ནས་ནད་རིགས་ཚང་མར་ཁྱབ་པ་བྱས་ཏེ་མཉམ་འདྲེས་རྣམ་པའི་སྨན་རིན་སྤྲོད་སྟངས་ཀྱིས་བཟུང་བའི་བསྡུར་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་འབྲེལ་རྣམ་གྲངས་གཞིར་བཟུང་སྨན་རིན་སྤྲོད་ཚད་ཉུང་དུ་གཏོང་རྒྱུ་རེད།
         མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་སྨན་བཅོས་འགན་བཅོལ་ཁྲུའི་འགན་འཁུར་མི་སྣས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་མགྱོགས་མྱུར་ལག་བསྟར་བྱས་པ་དེས་རིམ་ཁག་སྨན་བཅོས་སྒྲིག་གཞིས་སྨན་རིན་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་རང་ངོས་དོ་དམ་དང་རང་ངོས་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་པ་དང་། “ང་ལ་སྨན་རིན་ཚོད་འཛིན་བྱེད་དུ་བཅུག་པ”ནས“ངས་སྨན་རིན་ཚོད་འཛིན་བྱེད་པའི”བར་གྱི་བསྒྱུར་བ། སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་དང་སྨན་རིན་ལུགས་མཐུན་མེད་པའི་སྒོ་ནས་འཕར་རྒྱུར་བཀག་སྡོམ་ནན་པོ་བྱེད་པ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་གནོན་ཤུགས་ཡང་དུ་གཏོང་བ། སྨན་བཅོས་འགན་བཅོལ་མ་དངུལ་གྱི་སྤྱོད་ཚད་མཐོ་རུ་གཏོང་བ། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་འགན་བཅོལ་གྱི་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་བྱས་ནས་སྨན་བཅོས་འགན་བཅོལ་གྱི་ལམ་ལུགས་ཡུན་རིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།