འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཞ་ཡིས་མང་ཚོགས་ལ“ཉི་འོད་སྦྲང་ཆར”གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་29ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་ཀྲའོ་ཞུང་ཁྱིམ་གྱི་ལོ་བཅུ་གྲངས་བེད་སྤྱོད་བྱས་པའི“ཐོག་སྟེང་གི་ཆུ་སྣོད”དེ་བེད་སྤྱོད་གཏོང་འཚམས་བཞག་པ་རེད།
         ཧ་ཉིད་རྟོགས་པ་ནས་བཟུང་། “ཆུ་སྣོད”དེ་ཐོག་སྟེང་དུ་བཏགས་ནས་དབྱར་ཁ་ཆུ་འདྲེན་ལྕགས་མདོང་འཁྲིད་ཚེ་གཟུགས་པོ་བཀྲུ་ཐུབ་རུང་དགུན་ཁ་ཀྲའོ་ཞུང་ནང་མིས་རྫོང་གྲོང་གི་འཁྲུད་ཁང་དུ་གཟུགས་པོ་བཀྲུ་བར་འཁྲིད་རྒྱུའི་རེ་སྒུག་བྱས་ནས་སྡོད་ཀྱི་ཡོད། ད་ཆ་ཀྲའོ་ཞུང་ཕྲུ་གུའི་སྤོ་བོ་ཆགས་ཟིན་རུང་དགུན་དུས་ཆུ་ཚ་པོས་གཟུགས་པོ་བཀྲུ་རྒྱུ་དེ་ནི་སྔར་བཞིན་རེ་བ་སྟོང་པ་ཞིག་ཡིན་པ་དེ་ནི་ཆུ་ཚ་པོ་བཟོ་ཆས་བསྒར་འདོད་མེད་པ་མ་ཡིན་པར་རིན་གོང་སྒོར་ཉིས་སྟོང་གསུམ་སྟོང་བྱེད་ཀྱི་ཡོད་སྟབས་ཉོ་ཐུབ་ཀྱི་མེད།
         ཟླ་12ཚེས་26ཉིན་གྱི་ཞོགས་པ་ཧོ་ལན་རི་བོར་གངས་གསོག་ཐེབས་པ་དང་ཆུ་ཐིགས་ཀྱང་འཁྱག་པར་གྱུར་རུང་། ཉིང་ཞ་ཡིང་ཁྲོན་གྲོང་ཁྱེར་ཧོ་ལན་རྫོང་ཁྲང་ཤིན་ཤང་ཀུའེ་ནན་གྲོང་ཚོའི་ཀྲའོ་ཞུང་ཁྱིམ་དུ་དྲོ་སོབ་སོབ་ཡོད་པ་རེད། ཀྲོའུ་ཞུང་གིས་གསར་འགོད་པ་ཐབ་ཚང་ཟུར་གྱི་འཁྲུད་ཁང་ནང་ཁྲིད་དེ་གསར་འགོད་པར་ཆུའི་དྲོད་ཚད་བལྟ་རུ་བཅུག “མདང་དགོང་བེད་སྤྱོད་བཏང་རུང་ད་དུང་ཚ་པོ་རེད་འདུག ད་ཆ་ཉིན་ལྟར་ཆུ་ཚ་པོས་གཟུགས་པོ་བཀྲུ་རྒྱུ་འདུག”ཅེས་ཤོད་ཀྱི་འདུག དེ་སྔའི“ཆུ་སྣོད”ཀྱི་ཚབ་ད་ཆ་ཉི་འོད་ནུས་པའི་ཆུ་ཚ་པོ་བཟོ་ཆས་རེད་འདུག
         འདི་ལོ་རང་སྐྱོང་ལྗོངས་སྲིད་གཞུང་གིས“ཉི་འོད་སྦྲང་ཆར”འདུ་འགོད་ལག་བསྟར་བྱས་ཏེ་ཞིང་དུད་རེས་སྒོར་398བཏོན་ཚེ་ཉི་འོད་ནུས་པའི་ཆུ་ཚ་པོ་བཟོ་ཆས་རེ་བསྒར་གྱི་ཡོད་པ་རེད། ཀྲའོ་ཞུང་གིས་རྩིས་རྒྱག་སྐབས་དེ་ལྟར་བྱས་ཚེ་དངུལ་གྲོན་ཆུང་ཐུབ་པ་མ་ཟད་སྟབས་ཧ་ཅང་བདེ་པོ་ཡོད་པས་འཕྲལ་མར་གྲོང་ཚོའི་ནང་ཐོ་རྒྱག་པར་བསྐྱོད་་པ་རེད།
         2015ལོ་ནས་བཟུང་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་8བཏང་ནས་ལོ་3བསྟུད་མར“ཉི་འོད་སྦྲང་ཆར”འདུ་འགོད་ལག་བསྟར་བྱས་པ་དེས་དུད་ཚང་ཁྲི་60ཡི་གྲོང་གསེབ་ཀྱི་གྲོང་མི་ཁྲི་300ཆུ་ཚ་པོའི་གཟུགས་པོ་བཀྲུ་རྒྱུ་བྱུང་ཡོད། སྲིད་གཞུང་གིས་དུད་ཚང་རེར་ཁ་གསབ་སྒོར་1100སྤྲད་དེ་སྤྱི་རྒྱ་130ཡི་ཆུ་སྒམ་དང་ཆུ་མདོང་16ཡོད་པའི་ཉི་འོད་ནུས་པའི་ཆུ་ཚ་པོ་བཟོ་ཆས་བསྒར་ཡོད། འདི་ལོའི་ལོ་མཇུག་བར་ཞིང་དུད་ཁྲི་20ཡི་གྲོང་གསེབ་ཀྱི་གྲོང་མི་ཁྲི་100ཆུ་ཚ་པོའི་གཟུགས་པོ་བཀྲུ་རྒྱུ་བྱུང་ཡོད།
         རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གྲོང་གསེབ་ནུས་ཁུངས་ས་ཚིགས་ཀྱི་ལག་རྩལ་ཆེ་མོ་བ་ལི་ཅིང་གིས“ཉི་འོད་ནུས་པའི་ཆུ་ཚ་པོ་བཟོ་ཆས་རེས་དུད་ཚང་རེའི་མེ་ཤིང་སྤྱི་རྒྱ་339དང་རྡོ་སོལ་སྤྱི་རྒྱ་148གྲོན་ཆུང་ཐུབ་ནས་ལོ་རེར་དུད་ཚང་རེར་ཆ་སྙོམས་ཡོང་སྒོ་འཕར་སྣོན་དང་གཏོང་སྒོ་གྲོན་ཆུང་སྒོར་160ཙམ་ཐུབ་པ་དང་ལོར་དབྱང་གཉིས་ཐན་འགྱུར་སྤྱི་རྒྱ་394དང་། དབྱང་གཉིས་མུ་ཟི་འགྱུར་རྫས་སྤྱི་རྒྱ་3.32བཙོག་འབུད་ཉུང་གཏོང་ཐུབ་ཀྱི་ཡོད། དེ་ནི་དཔལ་འབྱོར་གྱི་དམངས་འཚོའི་རྩིས་ཐོ་ཞིག་ཡིན་པ་མ་ཟད། ད་དུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རྩིས་ཐོ་ཞིག་ཀྱང་ཡིན་པས་ཞིང་པའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཐུབ”ཅེས་ངོ་སྤྲོད་བྱས།
         “ཉི་འོད་སྦྲང་ཆར”འདུ་འགོད་ནི་ཉིང་ཞ་ཡི་འདི་ལོའི“དམངས་འཚོའི་འཆར་གཞི་10ཡི་བྱ་བ་དངོས་30”ཡི་གྲས་ཤིག་ཡིན་པ་རེད། 2007ལོ་ནས་བཟུང་ཉིང་ཞ་ཡིས་ལོ་ལྟར་ནོར་སྲིད་སྔོན་རྩིས་ཀྱི་70%ཡན་བཏོན་ནས་དམངས་འདོད་ལྟར“དམངས་འཚོའི་འཆར་གཞི་10ཡི་དོན་དངོས་30”བཟོས་ནས་《དམངས་འཚོའི་སྙན་ཞུ་》རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་ཕུལ་ནས“ཁྲིམས་སྐྱོང་འདུ་འགོད”ལ་རིམ་སྤོར་བྱས་ཏེ་ལོ་འགོར་རྩིས་ཁྲ་བཟོ་བ་དང་། ལོ་དཀྱིལ་དུ་རྩིས་ཁྲ་བཤེར་བ། ལོ་མཇུག་ཏུ་རྩིས་སྤྲོད་བྱེད་པ་བཅས་བྱས་ཐོག་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྒྲུབ་པ་དང་། མི་དམངས་འཐུས་ཚོགས་ཀྱིས་སྒྲུབ་སྐུལ་བྱེད་པ། སྡེ་ཚན་དང་གྲོང་ཁྱེར་དང་རྫོང་གིས་གཙོ་གཉེར་བྱེད་པ་བཅས་ཀྱི“ཉིང་ཞ་ཡི་རྣམ་པ”ཆགས་པ་བྱས་ནས་ཧུའེ་རིགས་དང་རྒྱ་རིགས་མང་ཚོགས་ཚོས་དོ་འཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་མང་དག་ཅིག་ཐག་གཅོད་བྱས་ཡོད། ལོ་9ཡི་ནང་ཉིང་ཞ་ཡིས་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བའི་དངུལ་སྒོར་དུང་ཕྱུར་4000ལྷག་ཙམ་ཟིན་པ་དེས་ལྗོངས་ཡོངས་ཀྱི་སྤྱིར་བཏང་རང་བཞིན་གྱི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་73%ཡན་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།