འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོང་འབབ་མང་དུ་ཕྱིན། འཚོ་བར་རེ་བས་ཁེངས།

    —— མཚོ་སྔོན་གྱི་ཞིང་འབྲོག་ཁུལ་དུ་དངུལ་རྩའི་དབུལ་སྐྱོར་བྱས་པའི་སྐོར་གྱི་མཐོང་ཐོས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་29ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2015ལོར་མཚོ་སྔོན་གྱིས“དངུལ་རྩའི་གནད་སྨིན་དབུལ་སྐྱོར”བྱེད་འགོ་བཙུགས་ཤིང་། དབུལ་སྐྱོར་ཉམས་ཉེན་མ་དངུལ་དག་ཁག་ཐེག་མ་དངུལ་དུ་བྱས་ཏེ་དངུལ་ཁང་ནས་ཁག་ཐེག་མ་དངུལ་གྱི་ལྡབ་བཅུ་ཟིན་པའི་དངུལ་བུན་གཡར་ཏེ་ཞིང་འབྲོག་ཁུལ་ལ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རོགས་ཤུགས་ཆེན་བྱས་པ་དང་ཆབས་ཅིག་བྱ་སྤྱོད་དེ་ལས་དཀའ་ངལ་ཡོད་པའི་ཞིང་འབྲོག་པ་དུད་ཚང་ཁྲི་15ལ་ཕན་པ་ཐོབ་ཡོད་པ་རེད།
           མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཧེ་ཡན་རྫོང་ཧར་ཅིན་གྲོང་ཚོ་ནི་འབྲོག་ལས་གྲོང་ཚོ་ཞིག་རེད། གསར་འགོད་པ་འབྲོག་པ་ཀྲང་ཡུས་མའེ་ཡི་ཁྱིམ་དུ་སྐྱོད་སྐབས་ཀྲང་ཡུས་མའེ་ཡིས་ཚ་ཧུར་ཧུར་གྱི་ལྕགས་ཐབ་འགྲམ་དུ་བསྡད་ཅིང་། འཕྲུལ་འཁོར་བཏང་སྟེ་ཞོ་དཀྲོག་ནས་མར་འདོན་བཞིན་ཡོད་པ་རེད།
          འདི་ལོའི་ལོ་སྟོད་དུ་ཧན་ཅིན་གྲོང་ཚོས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་150དག་ཁག་ཐེག་མ་དངུལ་དུ་བྱས་ཏེ་དངུལ་ཁང་དུ་གཏའ་མར་བཞག་པ་དང་དངུལ་ཁང་ནས་1∶10ཡི་བསྡུར་ཚད་གཞིར་བཟུང་དངུལ་བུན་སྒོར་ཁྲི་1900ལྷག་ཙམ་གཡར་བ་རྣམས་ཕྱུགས་རིགས་སྡོམ་གསོས་དང་། གཟན་རྩྭ་འདེབས་འཛུགས། ཡུལ་སྐོར་གསར་སྤེལ་བཅས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྤྱད་ནས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་163དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
          ཧར་ཅིན་གྲོང་ཚོ་ནི་མཚོ་སྔོན་གྱི་ཞིང་འབྲོག་ཁུལ་དུ“དངུལ་རྩའི་གནད་སྨིན་དབུལ་སྐྱོར”བྱས་པའི་མཚོན་བྱེད་ཙམ་ཞིག་རེད། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་འཆར་འགོད་ནོར་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཆིའུ་ལི་ཁྲའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་མཚོ་སྔོན་དུ“གནད་སྨིན་དབུལ་སྐྱོར”གྱི་ཚོད་ལྟའི་ལས་དོན་སྤེལ་བའི་གྲོང་ཚོ་100ཟིན་པ་དང་། དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་20ཙམ་བརྩོན་ལེན་བྱས་པ། ཕྱི་ལོ་ཁ་གྲངས་དེ་སྔར་བས་མཐོ་རུ་འགྲོ་རྒྱུ་རེད།
         “འདི་ལོ་དངུལ་ཁང་གི་ལས་དོན་མི་སྣ་ངའི་ཁྱིམ་དུ་ཐེངས་མང་ཡོང་ནས་དངུལ་རྩའི་དབུལ་སྐྱོར་སྲིད་ཇུས་ང་དང་ཡུལ་མི་ཚོར་བཤད་བྱུང་། ངས་ཡིག་ཐོག་སྙན་ཞུ་ཕུལ་ནས་ཡུན་རིང་མ་སོང་བར་དངུལ་བུན་སྒོར་ཁྲི་4རག་པའི་ཐོག་ནང་མི་ཚང་མས་དངུལ་ཕར་གཡར་ཚུར་གཡར་བྱས་ནས་རྐོ་འདྲུའི་འཕྲུལ་འཁོར་ཞིག་ཉོས་པ་ཡིན། ད་ཆ་བུ་ལས་གྲྭར་ལས་ཀར་བསྐྱོད་པར་ཟླ་བ་རེར་ཡོང་འབབ་སྒོར་5000ལྷག་ཙམ་འདུག”ཅེས་ཧུའུ་ཡན་ཚང་གིས་བཤད་བྱུང་།
          “འདི་ལོ་དངུལ་ཁང་གི་མི་སྣ་ངའི་སྒོ་རྩར་ཡོང་ནས་དངུལ་བུན་སྒོར་ཁྲི་1གཡར་བྱུང་། ངས་གྲོང་ཚོའི་རི་བོང་མཉམ་ལས་ཁང་དང་མཉམ་ལས་བྱས་ཏེ་རི་བོང་གསོས་པ་ཡིན། ལོ་ཕྱེད་མ་སོང་བར་ང་ལ་ཁེ་བཟང་སྒོར་ཁྲི་1ལྷག་ཙམ་བྱུང་བ་དེ་ཞིང་ཁ་བཏབ་པའི་ཡོང་འབབ་ལས་མཐོ་བ་འདུག”ཅེས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གྱོག་ཁ་གྲོང་ཚོའི་གྲོང་མི་ཙུང་ཡུས་ཧྲན་གྱིས་བཤད་བྱུང་།
          “ང་གཅིག་པུ་མིན་པར་མཉམ་ལས་ཁང་ལ་རི་བོང་གསོ་རོགས་བྱེད་མཁན་ཚང་མ་དཀའ་ངལ་ཡོད་པའི་དུད་ཚང་ཤ་སྟག་རེད། དེ་སྔོན་འཚོ་བ་དངོས་འབྲེལ་སྐྱོ་ནའང་ད་ཆ་ཚང་མས་ཕན་ཚུན་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད། ལག་ཏུ་དངུལ་ཡོད་ན་སེམས་ནང་གདེང་ཚོད་ཡོད་ལ་འཚོ་བ་སྔར་བས་ཡག་ཏུ་འགྲོ་རྒྱུའི་རེ་བའང་ཡོད”ཅེས་ཙུང་ཡུས་ཧྲན་གྱིས་དགའ་བའི་འཛུམ་དམངས་རྒྱས་བཞིན་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།