འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཆུ་བྱང་འདྲེན་གཞུང་ཐིག་ལས་གྲྭར་ཆུ་ཤར་གཏོང་ཐུབ་ནས་ལོ་གཅིག་འཁོར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་29ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ཉིན་ནི་ལྷོ་ཆུ་བྱང་འདྲེན་གཞུང་ཐིག་ཆུ་པེ་ཅིང་དུ་དྲངས་ནས་ལོ་གཅིག་འཁོར་བའི་ཉིན་མོ་ཡིན་ཞིང་། ལོ་གཅིག་རིང་པེ་ཅིང་གྲོང་ཁྱེར་གྱིས་ཆུ་སྨི་རྒྱ་དཔངས་དུང་ཕྱུར་8.74བསྡུས་པས་ཆུ་གཤིས་ཐོག་མཐའ་བར་གསུམ་དུ་ས་ངོས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་རིགས་Ⅱཡན་དུ་བརྟན་པོར་གནས་ནས་མི་འབོར་ཁྲི་1100ལྷག་ཙམ་ལ་ཁེ་ཕན་ཐོབ་པ་མ་ཟད། གྲོང་ཁྱེར་གྱི་འཚོ་བའི་སྤྱོད་ཆུ་འགན་ལེན་ནུས་ལྡན་ཐུབ་པ་དང་འབྲེལ། གྲོང་ཁྱེར་ཡོངས་ཀྱི་ས་འོག་ཆུའི་ཆུ་གནས་ཧྲིལ་པོ་ཆག་འགོར་དུ་སོང་བ་དང་ས་ཆ་ཆ་ཤས་ཀྱི་ས་འོག་ཆུའི་ཁ་ཆུ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
         “ནང་འདྲེན་ཐུབ་པ་དང་། བེད་སྤྱོད་ཐུབ་པ། བདེ་འཇགས་འགན་ལེན”བཅས་ཀྱི་བླང་བྱ་གཞིར་བཟུང་པེ་ཅིང་གྲོང་ཁྱེར་གྱིས“འཐུང་གསོག་གསབ”བཅས་ཀྱི་བེད་སྤྱོད་རྩ་དོན་བཟོས་ཏེ་ཚད་གཞི་ཆེ་ཤོས་ཀྱི་ཐོག་ནས་གཙང་པོ་དང་ཆུ་བོ་བེད་སྤྱོད་གཏོང་བ་དང་ཆུ་བཟང་པོ་དགོས་མཁོ་ཆེ་ཤོས་སར་བེད་སྤྱོད་ཐུབ་པ་དང་ཆུ་བཟང་ལེགས་སྤྱོད་ཐུབ་པ་བྱས་ཡོད་པ་རེད།
         མིག་སྔའི་བར་པེ་ཅིང་ཆུ་ཀ་ལ་མཁོ་འདོན་ཁང་ཁག་གིས་ལྷོ་ཆུ་སྨི་རྒྱ་དཔངས་དུང་ཕྱུར་5.82བེད་སྤྱོད་བཏང་བ་དེས་གྲོང་ཁུལ་གྱི་ཆུ་ཀ་ལ་མཁོ་འདོན་ཁང་གིས་ཉིན་རེར་ཆུ་མཁོ་འདོན་བྱེད་ཚད་ཀྱི་བཅུ་ཆ་དྲུག་ཡན་ཟིན་པ་དང་ཆུ་མཁོ་འདོན་གྱི་ཁྱབ་ཁོངས་དེ་ལྟེ་བའི་གྲོང་ཁུལ་དུ་སྤྱིར་ན་ཁྱབ་པ་མ་ཟད། ཏ་ཤིན་དང་མན་ཐོའུ་ཀོའུ་སོགས་གྲོང་ཁུལ་གསར་པར་ཕན་ཐོབ་པ་དང་ལྟེ་བའི་གྲོང་ཁུལ་གྱི་གྲོང་ཁྱེར་ཆུ་མཁོ་འདོན་ཀྱི་བདེ་འཇགས་བཏགས་གྲངས་1.0ནས་1.2བར་མཐོ་རུ་ཕྱིན་ཡོད་པ་རེད།
         དུས་མཚུངས་ལྷོ་ཆུ་པེ་ཅིང་དུ་ནང་འདྲེན་བྱས་རྗེས་གྲོང་མིའི་འཐུང་ཆུའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ལྷག་དོན་དུ་ལྷོ་ཆུ་བྱང་འདྲེན་གྱི་ཆུ་དེ་ཆུ་ཁུངས་རྐྱང་མ་བྱེད་པའི་ཆུ་ཀ་ལ་མཁོ་འདོན་ཁྱབ་ཁོངས་ཀྱི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་སོང་ནས་ཆུ་ཀ་ལའི་ཆུའི་མཁྲེགས་ཚད་དེ་སྔོན་གྱི་ཧྲེང་རེའི་ཧའོ་ཁེ་380ནས་ཧའོ་ཁེ120ནས་130བར་ཆག་པས། ཆུ་ཀ་ལའི་ཆུའི་མཁྲེགས་ཚད་མངོན་གསལ་དོད་པོས་ཆག་པ་དང་ཆུའི་ནང་གི་བུལ་ཚད་ཉུང་དུ་ཕྱིན་པ་མ་ཟད་བྲོ་བའང་ཞིམ་དུ་ཕྱིན་འདུག་ཅེས་གྲོང་མི་ཚོས་མགྲིན་གཅིག་ཏུ་བརྗོད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།