འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དངོས་སུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་29ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ཟླ་12ཚེས་25ཉིན་དངོས་སུ་བཙུགས་ཤིང་། མིག་སྔའི་བར་འདོད་མོས་གསར་གཏོད་ཁོངས་ཞུགས་རྒྱལ་ཁབ་17གྱིས་《ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་གྲོས་མཐུན་》ལ་ཆོག་མཆན་བཀོད་པ་རེད།
         ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་གྲོས་མཐུན་གཏན་འབེབས་ལ་གཞིགས་ན། མིང་རྟགས་འགོད་མཁན་ཉུང་ཤོས་ལ་10ཡི་ཆོག་མཆན་བཀོད་དགོས་པ་མ་ཟད། མིང་རྟགས་འགོད་མཁན་ཕྱོགས་ཀྱིས་ཐོག་མར་མ་རྐང་འབུལ་རྒྱུ་ཁས་ལེན་བྱེད་པའི་བསྡོམས་འབོར་དེ་མ་རྐང་འབུལ་རྒྱུ་ཁས་ལེན་བྱེད་པའི་ཁྱོན་བསྡོམས་གྲངས་ཀྱི་50%ཟིན་རྗེས་གྲོས་མཐུན་ནུས་པ་ཐོན་པའི་ཆ་རྐྱེན་འཛོམས་ནས་ཨེ་ཤེ་ཡའི་མ་འཇོག་དངུལ་ཁང་དངོས་སུ་བཙུགས་པ་རེད། ཟླ་3ཚེས་31ཉིན་བར་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་འདོད་མོས་གསར་གཏོད་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་བསྡོམས་འབོར་57ཟིན་ནས་ཨེ་ཤེ་ཡ་དང་། རྒྱ་མཚོ་ཆེན་པོའི་གླིང་ཆེན། ཡོ་རོབ། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་སོགས་གླིང་ཆེན་ལྔར་ཁྱབ་ཡོད།
         ནོར་སྲིད་པུའི་པུའུ་ཀྲང་ལོའུ་ཅིས་ཝུའེ་ཡིས“ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས་པ་ནི་རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་གནད་དོན་གལ་ཆེན་ཞིག་ཡིན་པས་ཕྱོགས་མང་གསར་སྤེལ་དངུལ་ཁང་ཡིན་པའི་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ཁྲིམས་མིའི་གནས་བབ་དངོས་སུ་གཏན་འཁེལ་བྱུང་བ་མཚོན་ཡོད”ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དེ་ཕྱོགས་མང་གསར་སྤེལ་མ་ལག་གི་ཁོངས་མི་གསར་པ་དང་རོགས་ཟླ་གསར་པའི་ཐོག་ནས་འཛམ་གླིང་དངུལ་ཁང་དང་ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང་སོགས་ད་ཡོད་ཀྱི་ཕྱོགས་མང་གསར་སྤེལ་དངུལ་ཁང་དང་མཉམ་དུ་ཨེ་ཤེ་ཡའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་དཔལ་འབྱོར་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད་ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།