འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་(རྒྱལ་སྤྱིའི་)གངས་འཁྱག་ཡུལ་སྐོར་གྱི་དབུ་ཚོགས་སྐབས་དང་པོ་དེ་ཧའར་པིན་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་29ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25ཉིན་ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་དེ་བཞིན་ཨུ་རུ་སུ་དང་ཧན་གོ་སོགས་ཀྱི་ཡུལ་སྐོར་ལས་རིགས་དང་སྨྱན་སྦྱོར་ལས་རིགས་ཀྱི་འཐུས་མི་700ལྷག་ཙམ་འཁྱག་གྲོང་ཧའར་པིན་དུ་འདུ་འཛོམས་བྱས་ཏེ་ཀྲུང་གོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལོ་ཚོགས་སྐབས་ལྔ་པ་དང་ཀྲུང་གོའི་(རྒྱལ་སྤྱིའི་)གངས་འཁྱག་ཡུལ་སྐོར་གྱི་དབུ་ཚོགས་སྐབས་དང་པོ་འཚོགས་ནས་2022ལོའི་པེ་ཅིང་དང་ཀྲང་ཅ་ཁའུ་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་གོ་སྐབས་སུ་འཛིན་ནས་ཀྲུང་གོའི་གངས་འཁྱག་རིག་གནས་དང་། གངས་འཁྱག་ཐོན་ལས། གངས་འཁྱག་ཡུལ་སྐོར་སྤུས་རྟགས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།
         དབུ་ཚོགས་ཐོག་ཧེ་ལུང་ཅང་དང་། ནང་སོག པེ་ཅིང་། ཧོ་པེ། ཅི་ལིན། ལེའོ་ཉིང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དྲུག་གི་ཡུལ་སྐོར་ཅུས་(ཨུ་ལྷན་)ཀྱིས་མཉམ་འབྲེལ་ཐོག“ཀྲུང་གོའི་གངས་འཁྱག་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ”གསར་གཏོད་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།
         རྒྱལ་ཁབ་ཡུལ་སྐོར་ཅུས་མཛུབ་ཁྲིད་ཚན་པར་བྱེད་པ་དང་ཧེ་ལུང་ཅང་ཞིང་ཆེན་ཡུལ་སྐོར་ཅུས་དང་། པེ་ཅིང་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན། ནང་སོག་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས། ལེའོ་ཉིང་ཞིང་ཆེན་ཡུལ་སྐོར་ཅུས། ཅི་ལིན་ཞིང་ཆེན་ཡུལ་སྐོར་ཅུས། ཧོ་པེ་ཞིང་ཆེན་ཡུལ་སྐོར་ཅུས་སོགས་ཀྱིས་ཐུན་མོང་ཐོག་སྤེལ་པའི་ཀྲུང་གོའི་གངས་འཁྱག་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་དངོས་སུ་བཙུགས་པ་དེ་ནི་ཀྲུང་གོས་2022ལོའི་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་རྗེས་ཞིང་ཆེན་རིམ་པའི་ཡུལ་སྐོར་དོ་དམ་སྒྲིག་གཞིས་འཛུགས་རྒྱུའི་གྲོས་འགོ་བཏོན་པའི་གངས་འཁྱག་ཡུལ་སྐོར་ཚོང་གཉེར་མཉམ་འབྲེལ་སྒྲིག་གཞི་དང་པོ་དེ་ཡིན་པ་རེད། མནའ་འབྲེལ་གྱིས“གངས་འཁྱག་གི་སྤྲོ་བ་མྱོང་རོལ་བྱེད”ཅེས་པ་ལྟེ་བའི་འདུ་ཤེས་སུ་བྱས་ཏེ“ཀྲུང་གོའི་གངས་འཁྱག་རིག་གནས་དར་རྒྱས་གཏོང་བ་དང་། ཀྲུང་གོའི་གངས་འཁྱག་གི་སྤུས་རྟགས་གཏོད་པ། དམངས་ཡོངས་ཀྱིས་གངས་འཁྱག་ཡུལ་སྐོར་བྱེད་པར་སྐུལ་འདེད་གཏོང་བ”བཅས་ཀྱི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།