འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།“རྨང་གཞིའི་རྒྱལ་ཁབ་བཞིས”ཕ་རི་སིའི་གནམ་གཤིས་གྲོས་མཐུན་ལ་འཛིན་པའི་
    ལངས་ཕྱོགས་གསལ་པོ་སྟོན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་11ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་8ཉིན་ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གྱི་པུའུ་ཀྲང་རིམ་པའི་གྲོས་མོལ་ཉིན་གཉིས་པར་སླེབས་པ་དང་ཀྲུང་གོ་དང་། པར་ཙིར། རྒྱ་གར། ལྷོ་ཨ་ཧྥེ་རི་ཁ་བཅས་ལས་གྲུབ་པའི“རྨང་གཞིའི་རྒྱལ་ཁབ་བཞིས”ཉིན་དེར་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་ཚོགས་ཆེན་ཐོག་ཕྱོགས་ཡོངས་དང་། དོ་སྙོམས། སྤོབས་པ་ཆེ་ལ་བཅའ་ཁྲིམས་ཀྱི་གཅུན་འདོམས་ལྡན་པའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་པ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་བཅའ་ཁྲིམས་ཀྱི་འོས་འགན་སྒྲུབ་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་མ་དངུལ་དང་། ལག་རྩལ། ནུས་པ་འཛུགས་སྐྱོང་སོགས་ཐད་ལ་རྒྱབ་སྐྱོར་བྱེད་པའི་ཁས་ལེན་དོན་འཁྱོལ་བྱེད་པ་དང་འབྲེལ་2020ལོའི་རྗེས་སུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
         གསལ་བསྒྲགས་ནང་གྲོས་མོལ་ཁྲོད་ཀྱི་ཕ་རི་སིའི་གྲོས་མཐུན་དེ་《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་》(གཤམ་དུ་བསྡུས་མིང་ལ《སྤྱི་ཆིངས》ཞེས་བརྗོད་རྒྱུ)འོག་《སྤྱི་ཆིངས་》དང་དེའི་ནང་གསེས་ནང་གཏན་ལ་ཕབ་པའི“ཐུན་མོང་ཡིན་ལ་དབྱེ་བ་ཡོད་པའི་འགན་འཁྲི”དང“རང་རང་སོ་སོའི་ནུས་པ”སོགས་ཀྱི་རྩ་དོན་ལ་གཞིགས་དགོས་པ་དེའི་དམིགས་ཡུལ་ནི་《སྤྱི་ཆིངས་》དེ་ནུས་ལྡན་ངང་ལག་བསྟར་བྱེད་དགོས་པ་དེ་ཡིན།
         “རྨང་གཞིའི་རྒྱལ་ཁབ་བཞིས”དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་སྤོབས་པ་ཆེ་བ་དང་། དཔལ་འབྱོར་མ་ལག་ཧྲིལ་པོ་དང་འབྲེལ་བ་ཡོད་པ། རྦད་དེ་ཚད་འབེབས་ཅན་བཅས་ཀྱི་དྲོད་ཁང་རླངས་འབུད་ཉུང་གཏོང་གི་དམིགས་ཚད་ཁས་ལེན་དང་ལག་བསྟར་བྱེད་པ་དང་འབྲེལ་2020ལོའི་རྗེས་སུ་ལོ་ལྟར་ཨ་སྒོར་དུང་ཕྱུར་1000གི་རྨང་གཞིའི་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་མ་དངུལ་རྒྱབ་སྐྱོར་བྱ་རྒྱུ་རིམ་བཞིན་མཐོ་རུ་ཏན་ཏིག་གཏོང་རྒྱུའི་སྐུལ་མ་བཏང་བ་རེད།
         ཉིན་དེར་ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་དམིགས་བསལ་འཐུས་མི་ཤེ་ཀྲེན་ཧྭ་དང་། པར་ཙིར་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་ཐེ་ཤེ་ལ། རྒྱ་གར་གྱི་ཁོར་ཡུག་དང་། ནགས་ཚལ། གནམ་གཤིས་འགྱུར་ལྡོག་བཅས་ཀྱི་པུའུ་ཀྲང་ཅ་ཝ་ཏེ་ཁར། ལྷོ་ཨ་ཧྥེ་རི་ཁའི་ཁོར་ཡུག་ལས་དོན་པུའུ་ཀྲང་མོ་ལའེ་ཝ་བཅས་ཀྱིས་ཐུན་མོང་ཐོག་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
         2009ལོར་ཀྲུང་གོ་དང་། པར་ཙིར། རྒྱ་གར། ལྷོ་ཨ་ཧྥེ་རི་ཁ་བཅས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཞིས་པེ་ཅིང་དུ་ཚོགས་འདུ་འཚོགས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ལས་དོན་ཁྲོད་ཀྱི་སྤྱི་ཡོངས་ཀྱི་ལམ་ཕྱོགས་མཐུན་སྦྱོར་བྱས་པ་རེད། རྒྱལ་ཁབ་བཞིས་དེ་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་དང་འབྲེལ་ཡོད་གྲོས་མོལ་ནང་ནུས་པ་གལ་ཆེན་བཏོན་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་བཞིའི་དབྱིན་ཡིག་མིང་གི་གསལ་བྱེད་ཀྱི་ཡི་གེ་དང་པོ་མཉམ་དུ་བསྡུས་ཏེ“རྨང་གཞིའི་རྒྱལ་ཁབ་བཞི”ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།