འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཐོག་མེད་པ་དང་། ཡང་མི་དག་པ། ལན་མི་སློག་པ། སྤྱོད་གོ་མི་ཆོད་པ་བཅས་ཀྱི་
    གནད་དོན་ཁག་བཞི་མེད་པ་བཟོས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་11ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2015ལོར་རྒྱལ་ཡོངས་སྲིད་གཞུང་དྲ་ཚུགས་ཀྱིས། “དུས་ཐོག་མེད་པ་དང་། ཡང་མི་དག་པ། ལན་མི་སློག་པ། སྤྱོད་གོ་མི་ཆོད་པ”བཅས་ཀྱི་གནད་དོན་ཁག་བཞི་ཐག་གཅོད་ནུས་ལྡན་བྱས་པས། དྲ་ཚུགས་ཀྱི་མཉེན་ཆས་དང་མཁྲེགས་ཆས་སྲུང་སྐྱོང་དང་འགན་ལེན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། པུའུ་ཨུད་དང་། ཞིང་ཆེན། གྲོང་ཁྱེར་བཅས་སྲིད་གཞུང་གི་གཙོ་ཆེའི་དྲ་ཚུགས་ཀྱི་སྤྱོད་གོ་ཆོད་པའི་རང་བཞིན་ལེགས་པོ་ཡོད་པ་དང་དྲ་ཚུགས་ཀྱི་སྤྱོད་རུང་རང་བཞིན་ཚང་མ་95%ལས་བརྒལ་ཡོད། དྲ་ངོས་དང་པོ་འབྲེལ་མཐུད་དང་། རིམ་པ་གཉིས་པའི་དྲ་ངོས་འབྲེལ་མཐུད། ཞར་བྱུང་ཕབ་ལེན་དང་དྲ་ཞུགས་མ་ལག་འབྲེལ་མཐུད་བཅས་སྤྱོད་གོ་ཆོད་པའི་རང་བཞིན་ཚང་མ་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། དེ་ནི་གསར་འགོད་པར་ཚེས་9ཉིན་སྐབས་བཅུ་བཞི་པའི་(2015ལོ)ཀྲུང་གོའི་སྲིད་གཞུང་དྲ་ཚུགས་ཀྱི་ལས་རྗེས་དཔྱད་དཔོག་བྱས་འབྲས་ཁྱབ་བསྒྲགས་དང་གསར་གཏོད་འཕེལ་རྒྱས་ཀྱི་གླེང་སྟེགས་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
         ཀྲུང་གོ་མཉེན་ཆས་དཔྱད་ཞིབ་ཚད་ལེན་ལྟེ་གནས་ཀྱི་དཔྱད་དཔོག་ཚོགས་པའི་འགན་ཁུར་བ་འབུམ་རམས་པ་ཀྲང་ཧྲའོ་ཐུང་གིས་2015ལོའི་ཟླ་11ཚེས་25ཉིན་བར་རྒྱལ་ཡོངས་སུ་སྲིད་གཞུང་དྲ་ཚུགས་ཁྱོན་84097ཡོད་པ་ལས་སྲིད་གཞུང་དྲ་ཚུགས་400ལྷག་ཙམ་གྱིས་རིམ་པ་དེ་གའི་སྲིད་གཞུང་གི་སྲིད་འཛིན་དབང་ཆ་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ་ཡོངས་བསྒྲགས་བྱས་པ་དང་པུའུ་ཨུད་དང་། ཞིང་ཆེན། གྲོང་ཁྱེར། ཆུས་དང་རྫོང་བཅས་སྲིད་གཞུང་དྲ་ཚུགས་ཤར་གཏོང་ཐུབ་པའི་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་རིགས་དང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས་རིགས། ཁོར་ཡུག་སྲུང་སྐྱོང་རིགས། བདེ་འཇགས་ཐོན་སྐྱེད་རིགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཡོངས་བསྒྲགས་ཆེད་སྒྲིག་ལེ་ཚན་གྱི་བསྡུར་གྲངས་60%ཟིན་པ་དེ་ན་ནིང་ལས་བརྒྱ་ཆའི་གནས་17འཕར་ཡོད། སྤྱིའི་ཆ་ནས་བལྟས་ཚེ་འདི་ལོ་སྲིད་གཞུང་དྲ་ཚུགས་འཕེལ་རྒྱས་ལ་བཀྲག་མདངས་འཚེར་ས་མང་པོ་མངོན་པའི་ནང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་མདུན་ཕྱོགས་སུ་སྐུལ་འདེད་བཏང་བ་དང་། གྲངས་གཞི་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་བ། ཞབས་ཞུའི་བྱ་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་པ། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་ཤུགས་ཆེ་རུ་བཏང་བ་སོགས་ཕྱོགས་མང་པོ་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།