འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧན་དང་ཀྲུང་ཨོའི་རང་མོས་ཉོ་ཚོང་གི་གྲོས་མཐུན་དེ་ཟླ་12ཚེས་20ཉིན་ནས་
    མཉམ་དུ་ནུས་པ་ཐོན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་11ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་8ཉིན་ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཝང་ཧྲོའུ་ཝུན་དང་ཀྲུང་གོར་བཅའ་སྡོད་ཧན་གོའི་གཞུང་ཚབ་ཆེ་མོ་བ་ཅིན་ཀྲང་ཀྲུའུ་གཉིས་ཀྱིས་ཚོང་དོན་པུར་ཕན་ཚུན་དབར་ཕྱི་འབྲེལ་སྤྲིངས་ཡིག་བརྗེ་རེས་བྱས་ཏེ། ཀྲུང་གོ་དང་ཧན་གོ་ཕྱོགས་གཉིས་པོས་མཉམ་དུ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཧན་ཆེན་པོའི་མི་སེར་རྒྱལ་ཁབ་སྲིད་གཞུང་གི་རང་མོས་ཉོ་ཚོང་གྲོས་མཐུན་》གཏན་ལ་ཕབ་སྟེ། 2015ལོའི་ཟླ་12ཚེས་20ཉིན་དངོས་སུ་ནུས་པ་ཐོན་རྒྱུ་དང་སྦྲགས་དཔྱ་ཁྲལ་ཆག་ཡང་ཐེངས་དང་པོ་བྱ་རྒྱུ་དང་། དེ་ནས་2016ལོའི་ཟླ་1ཚེས་1ཉིན་ནས་དཔྱ་ཁྲལ་ཆག་ཡང་ཐེངས་གཉིས་པ་བྱ་རྒྱུ་ཡིན་པ་རེད། ཉིན་དེར་ད་དུང་ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་བ་མཱ་ཁྲའོ་ཤུས་དང་ཀྲུང་གོར་བཅའ་སྡོད་ཨོ་སི་ཁྲུ་ལི་ཡའི་ལས་ཐོག་རྗེས་མའི་གཞུང་ཚབ་ཆེ་མོ་བ་ཡ་ཏང་སི་གཉིས་ཀྱིས་སོ་སོས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་ཚབ་ཞུས་ནས་ཤིས་ཉིར་ཀྲུང་ཨོའི་རང་མོས་ཉོ་ཚོང་གི་གྲོས་མཐུན་གོ་ཆོད་པའི་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་སྤྲིངས་ཡིག་ཕན་ཚུན་བརྗེ་རེས་གནང་ནས་ཕྱོགས་གཉིས་པོས་མཉམ་དུ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གི་རང་མོས་ཉོ་ཚོང་གྲོས་མཐུན་》གཏན་ལ་ཕབ་སྟེ་2015ལོའི་ཟླ་12ཚེས་20ཉིན་དངོས་སུ་ནུས་པ་ཐོན་རྒྱུ་དང་སྦྲགས་དཔྱ་ཁྲལ་ཆག་ཡང་ཐེངས་དང་པོ་བྱ་རྒྱུ་དང་། དེ་ནས་2016ལོའི་ཟླ་1ཚེས་1ཉིན་དཔྱ་ཁྲལ་ཆག་ཡང་ཐེངས་གཉིས་པ་བྱ་རྒྱུ་ཡིན་པ་རེད། ཞིབ་ཕྲའི་ཆག་ཡང་གཏོང་ཚད་ཚོང་དོན་པུས་པུའུ་ཡི་དྲ་ཚུགས་ཐོག་ཁྱབ་བསྒྲགས་བྱས་ཡོད་པ་རེད།
         ཀྲུང་ཧན་གཉིས་ཀྱི་རང་མོས་ཉོ་ཚོང་གི་གྲོས་མཐུན་དེ་2012ལོའི་ཟླ་5པར་གྲོས་མོལ་འགོ་ཚུགས་པ་དང་། 2015ལོའི་ཟླ་6ཚེས་1ཉིན་དངོས་སུ་མིང་རྟགས་བཀོད་པ་དང་། ཀྲུང་ཨོ་གཉིས་ཀྱི་རང་མོས་ཉོ་ཚོང་གི་གྲོས་མཐུན་དེ་2005ལོའི་ཟླ་4པར་གྲོས་མོལ་འགོ་ཚུགས་པ་དང་2015ལོའི་ཟླ་6ཚེས་17ཉིན་དངོས་སུ་མིང་རྟགས་བཀོད་ཡོད། ཀྲུང་ཧན་དང་ཀྲུང་ཨོ་ཕྱོགས་གཉིས་པོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་སྔ་བར་ཕྱི་གསུམ་དུ་མཐོང་ཆེན་པོ་གནང་བ་དང་སྦྲགས་སྐུ་ངོ་མས་གྲོས་མཐུན་གྱི་གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་བཏང་ཁར་ཐེངས་མང་ཆབ་སྲིད་ཀྱི་འདོད་མཐུན་དྲག་པོ་བཏོན་གནང་མཛད་པ་དེས་གྲོས་མཐུན་ལ་གྲོས་མོལ་ཡོང་བ་དང་གཏན་ལ་ཕབ་པའི་ལས་དོན་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།