འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་གུང་གསེང་བཀོད་སྒྲིག་བྱས་ཚུལ་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་11ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།2016ལོའི་གུང་གསེང་བཀོད་སྒྲིག་བྱས་ཚུལ་ཡོངས་བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས་2016ལོའི་གུང་གསེང་བཀོད་སྒྲིག་བྱས་ཚུལ་གྱི་བརྡ་སྦྱོར་ཡོངས་བསྒྲགས་བྱས་པ་དང་། དེའི་ནང་དཔྱིད་གསར་དུས་ཆེན་གྱི་གུང་གསེང་བཀོད་སྒྲིག་བྱས་ཚུལ་ནི་2016ལོའི་ཟླ་2ཚེས་7ཉིན་ནས་ཚེས་13ཉིན་བར་ཡིན་པ་དང་། ཁྱོན་བསྡོམས་གུང་གསེང་ཉིན་7གཏོང་རྒྱུ་རེད། ཟླ་2ཚེས་6ཉིན་(གཟའ་སྤེན་པ་)དང་ཟླ་2ཚེས་14ཉིན་(གཟའ་ཉི་མ་)ཉིན་གཉིས་ལ་ལས་ཀར་ཞུགས་དགོས་པ་རེད།
         གུང་གསེང་བཀོད་སྒྲིག་བྱས་ཚུལ་བྱེ་བྲག་པ་གཤམ་གསལ་ལྟར་རོ།
         གཅིག གནམ་ལོ་གསར་ཚེས། ཟླ་1ཚེས་1ཉིན་གུང་གསེང་གཏོང་རྒྱུ་དང་། གཟའ་མཇུག་ལ་བསྟུད་མར་ངལ་གསོ་བྱས་ཆོག་པ།
         གཉིས། དཔྱིད་གསར་དུས་ཆེན། ཟླ་2ཚེས་7ཉིན་ནས་ཚེས་13ཉིན་བར་གུང་གསེང་གཏོང་རྒྱུ་དང་ཁྱོན་བསྡོམས་ཉིན་7ཡིན་ཞིང་། ཟླ་2ཚེས་6ཉིན་(གཟའ་སྤེན་པ་)དང་ཟླ་2ཚེས་14ཉིན་(གཟའ་ཉི་མ་)ཉིན་གཉིས་ལ་ལས་ཀར་ཞུགས་དགོས་པ།
         གསུམ། དྭངས་གསལ་དུས་ཚིགས། ཟླ་4ཚེས་4ཉིན་གུང་གསེང་གཏོང་རྒྱུ་དང་། གཟའ་མཇུག་ལ་བསྟུད་མར་ངལ་གསོ་བྱས་ཆོག་པ།
         བཞི། ངལ་རྩོལ་དུས་ཆེན། ཟླ་5ཚེས་1ཉིན་གུང་གསེང་གཏོང་རྒྱུ་དང་། ཟླ་5ཚེས་2ཉིན་(གཟའ་ཟླ་བ་)གུང་གསེང་ཁ་གསབ་གཏོང་རྒྱུ་ཡིན་པ།
         ལྔ། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་6ཚེས་9ཉིན་ནས་ཚེས་11ཉིན་བར་གུང་གསེང་གཏོང་རྒྱུ་དང་གུང་གསེང་ཉིན་མོ་ལེགས་སྒྲིག་བྱས་ཏེ་ཁྱོན་བསྡོམས་ཉིན་3ཡིན་ཞིང་། ཟླ་6ཚེས་12ཉིན་(གཟའ་ཉི་མ་)ལས་ཀར་ཞུགས་དགོས་པ།
         དྲུག ཟླ་མཆོད་དུས་ཆེན། ཟླ་9ཚེས་15ཉིན་ནས་ཚེས་17ཉིན་བར་གུང་གསེང་གཏོང་རྒྱུ་དང་ཁྱོན་བསྡོམས་ཉིན་གསུམ་ཡིན་ཞིང་། ཟླ་9ཚེས་18ཉིན་(གཟའ་ཉི་མ་)ལས་ཀར་ཞུགས་དགོས་པ།
         བདུན། རྒྱལ་སྟོན་དུས་ཆེན། ཟླ་10ཚེས་1ཉིན་ནས་ཚེས་7ཉིན་བར་གུང་གསེང་གཏོང་རྒྱུ་དང་ཁྱོན་བསྡོམས་ཉིན་7ཡིན་ཞིང་། ཟླ་10ཚེས་8ཉིན་(གཟའ་སྤེན་པ་)དང་ཟླ་10ཚེས་9ཉིན་(གཟའ་ཉི་མ་)ཉིན་གཉིས་ལ་ལས་ཀར་ཞུགས་དགོས་པ་བཅས་རེད།
    ༄༅།།2016ལོའི་གུང་གསེང་བཀོད་སྒྲིག་བྱས་ཚུལ་ཡོངས་བསྒྲགས་བྱས་པ།
    ༄༅།།2016ལོའི་གུང་གསེང་བཀོད་སྒྲིག་བྱས་ཚུལ་ཡོངས་བསྒྲགས་བྱས་པ།
    ༄༅།།2016ལོའི་གུང་གསེང་བཀོད་སྒྲིག་བྱས་ཚུལ་ཡོངས་བསྒྲགས་བྱས་པ།
    ༄༅།།2016ལོའི་གུང་གསེང་བཀོད་སྒྲིག་བྱས་ཚུལ་ཡོངས་བསྒྲགས་བྱས་པ།
    ༄༅།།2016ལོའི་གུང་གསེང་བཀོད་སྒྲིག་བྱས་ཚུལ་ཡོངས་བསྒྲགས་བྱས་པ།
    ༄༅།།2016ལོའི་གུང་གསེང་བཀོད་སྒྲིག་བྱས་ཚུལ་ཡོངས་བསྒྲགས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།