འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་པའི་དཔེ་མཛོད་ཁང་གི་བཅའ་ཁྲིམས་ཐོག་མའི་འཆར་ཟིན་བཀོད་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་11ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་9ཉིན་གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། རིག་གནས་པུས་རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་པའི་དཔེ་མཛོད་ཁང་གི་བཅའ་ཁྲིམས་(གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མ་ཡིག)》ཐོག་མ་འཆར་ཟིན་བཀོད་ནས་ད་ཆ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད།
         མིག་སྔར་དམངས་ཡོངས་ཀྱི་དཔེ་ཀློག་ཆུ་ཚད་ཡོངས་ཁྱབ་ངང་དམའ་ཙམ་ཡོད་པ་དང་རྒྱལ་ཡོངས་སུ་ཆ་སྙོམས་ཤེས་ལྡན་མི་སྣ་ཁྲི་43.72ལ་སྤྱི་པའི་དཔེ་མཛོད་ཁང་རེ་ལས་མེད་པ་དེ་རང་རྒྱལ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་ཨང་གཉིས་པ་ཡིན་པའི་གནས་བབ་དང་འཚམ་གྱི་མེད་པ་རེད། སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་དཔེ་མཛོད་ཁང་ཞལ་འདེབས་སུ་འབུལ་བ་དང་གཉེར་རྒྱུར་སྐུལ་མ་བཏང་སྟེ་བཅའ་ཁྲིམས་གསར་པའི་ནང་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་གྱིས་བཙུགས་པའི་སྤྱི་པའི་དཔེ་མཛོད་ཁང་གིས་ཁྲིམས་ལྟར་ཞལ་འདེབས་འབུལ་མཁན་གྱི་མིང་སྤྱི་པའི་དཔེ་མཛོད་ཁང་གི་མིང་ལ་འདོགས་ཆོག་པ་དང་ཆབས་ཅིག སྤྱི་པའི་དཔེ་མཛོད་ཁང་ཞལ་འདེབས་འབུལ་མཁན་དང་འཛུགས་མཁན་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་གྱིས་སྤྱི་པའི་དཔེ་མཛོད་ཁང་རྒྱུན་གཏན་ལྟར་གཉེར་བའི་འགྲོ་གྲོན་འགན་ལེན་བྱེད་དགོས་པ་དང་རྒྱལ་ཁབ་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁྲལ་བསྡུའི་གཟིགས་སྐྱོང་དང་རོགས་སྐྱོར་སྲིད་ཇུས་གཞན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།