འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།བོད་ལྗོངས་གཞིས་རྩེས“4·25”ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་འགན་བཅོལ་
    གུན་གསབ་སྒོར་ཁྲི་119སྤྲད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་11ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ཀྱི“4·25”ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མིར་སེམས་གསོ་གཏོང་བ་དང་དུས་ཐོག་ཏུ་རྐྱེན་ལམ་དུ་ཤོར་མཁན་ཁྱིམ་ཚང་གི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་ཉེ་ཆར་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མི་སྐོང་བསྡུ་བྱས་ཏེ་གུན་གསབ་སྤྲོད་པའི་ཚོགས་འདུ་འཚོགས་ནས།“4·25”ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་ཁྱོན་འགན་བཅོལ་གུན་གསབ་སྒོར་ཁྲི་119སྤྲད་པ་རེད།
         གཞིས་རྩེ་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་པ་སངས་ཀྱིས་གུན་གསབ་སྤྲོད་པའི་ཚོགས་འདུའི་ཐོག “4·25”ས་ཡོམ་དྲག་པོ་ལས་གཉའ་ལམ་དང་། སྐྱིད་གྲོང་། དིང་རི་བཅས་རྫོང་གསུམ་ལ་ཚེ་སྲོག་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཕོག་པ་དང་། ལྷག་པར་དུ་གཉའ་ལམ་རྫོང་འགྲམ་གྲོང་རྡལ་དུ་མི་10རྐྱེན་ལམ་དུ་ཤོར་ཡོད་ཅེས་བཤད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་གུན་གསབ་སྤྲོད་པའི་ཚོགས་འདུ་ནི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་10ལ་འགན་བཅོལ་གུན་གསབ་བྱ་ཆེད་ཡིན་པ་དང་ཁྱོན་གུན་གསབ་སྒོར་ཁྲི་119སྤྲད་པ་དང་། དགུན་ཁ་ཤར་ལ་ཉེ་བའི་སྐབས་འགྲམ་གྲོང་རྡལ་གྱི་མང་ཚོགས་1800ལྷག་ཙམ་བདེ་ཐང་ངང་གཞིས་རྩེ་གྲོང་ཁྱེར་གྱི་འགྲམ་ཁུལ་ཆུང་འགན་ལེན་ཁང་ནང་སྤོས་པ་དང་། མིག་སྔར་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་ལྡན་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།
         པ་སངས་ཀྱིས་གེགས་ཁུལ་གྱི་མང་ཚོགས་རྣམས་སྔ་ཙམ་ནས་ས་ཡོམ་གྱི་སེམས་སྡུག་ལས་གྲོལ་ཏེ་འཚོ་བ་ཡག་པོ་སྐྱེལ་བའི་ཆོད་སེམས་བསྐྱར་དུ་འཛུགས་པ་དང་། དཀའ་ངལ་ཁྱད་བསད་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་གུན་གསབ་མ་དངུལ་དེ་ལས་གཏོད་འབབ་འཕར་གྱི་མ་རྩར་བྱས་ནས་ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཐད་འགྱུར་ལྡོག་ཧུར་ཐག་གཏོང་རེ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།