འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གསེར་ཁྲིར་མངའ་གསོལ་གནང་ནས་ལོ་20འཁོར་བར་
    རྟེན་འབྲེལ་ཞུ་བའི་མཛད་སྒོ་བོད་ལྗོངས་སུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་09ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གསེར་ཁྲིར་མངའ་གསོལ་གནང་ནས་ལོ་20འཁོར་བར་
རྟེན་འབྲེལ་ཞུ་བའི་མཛད་སྒོ་བོད་ལྗོངས་སུ་སྤེལ་བ།
         1995ལོའི་ཟླ་12ཚེས་8ཉིན། སྐབས་དེར་དགུང་ལོ་5ལ་སོན་པའི་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་བོད་ལྗོངས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་དུ་གསེར་ཁྲིར་མངའ་གསོལ་གནང་བ་རེད། 1996ལོ་དང་2009ལོ་གཉིས་ལ་པཎ་ཆེན་མཆོག་གིས་རིམ་ལྟར་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བཞེས་པ་དང་། དུས་དེ་ནས་སྤྲུལ་སྐུའི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་པ་དང་། དུས་ད་ལྟའི་བར་གསང་སྔགས་ཀྱི་དབང་ཡང་1000ལྷག་ཙམ་ཐོབ་པ་རེད། ཁོང་ཉིད་2010ལོར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བདམས་ཐོན་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་བཞེས་ཤིང་། 2013ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་བཞེས། གསེར་ཁྲིར་མངའ་གསོལ་ནས་ལོ་ངོ་20འཁོར་བ་འི་རིང་ཁོང་གི་མཚན་སྙན་དེ་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་ཉིན་བཞིན་ཇེ་མཐོར་སོང་ཡོད་ལ། ད་ལྟའི་བར་ཁོང་གིས་དད་ལྡན་མང་ཚོགས་མི་ཐེངས་ཁྲི་150ལྷག་ཙམ་ལ་ཕྱག་དབང་གནང་བ་དང་། ནང་སའི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་23ལ་གཟིགས་ཞིབ་འཚམས་འདྲི་གནང་བར་ཕེབས་ལ། བོད་ལྗོངས་ཀྱི་ས་ཁུལ་མང་ཆེ་བར་ཞབས་ཀྱིས་བཅགས་ཡོད། རྟེན་འབྲེལ་མཛད་སྒོའི་ཉིན་དེར་བོད་ལྗོངས་ཀྱི་དགོན་སྡེ་ཆེ་ཁག་གི་གྲྭ་བཙུན་འཐུས་མི་དང་བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་600ལྷག་དང་། གཞིས་རྩེ་གྲོང་ཁྱེར་གྱི་མང་ཚོགས་འཐུས་མི་900ལྷག གཞན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཁྱོན་བསྡོམས་1500ལྷག་ཙམ་ཞུགས་ཡོད་པ་རེད། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་འགན་ཁུར་མི་སྣ་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གསེར་ཁྲིར་མངའ་གསོལ་གནང་ནས་ལོ་20འཁོར་བར་
རྟེན་འབྲེལ་ཞུ་བའི་མཛད་སྒོ་བོད་ལྗོངས་སུ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།