འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དུས་བཀག་ཐོ་འགོད་ལམ་ལུགས་ཕྱོགས་
    ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་11ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན་སློབ་གསོ་པུའི་དགེ་རྒན་ལས་དོན་སིའི་སི་ཀྲང་ཞུས་ཐའོ་ཡིས། ཕྱི་ལོ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དུས་བཀག་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས་དགེ་རྒན་དོ་དམ་ལམ་ལུགས་ཤིག་ཏུ་འགྱུར་བ་བྱ་རྒྱུ་དང་འབྲེལ། ཚོད་ལྟའི་གནས་ཚུལ་ལ་གཞིགས་ནས། འབྲེལ་ཡོད་ཆ་རྐྱེན་དང་བླང་བྱ་ཞིབ་ཕྲ་བཟོ་རྒྱུ་ཡིན་ཞིང་དེའི་དམིགས་ཡུལ་ནི་དགེ་རྒན་དཔུང་ཁག་གི་འབྱུང་ཁུངས་ཡག་པོ་ཡོང་བ་བྱས་ནས་དགེ་རྒན་གྱི་བླང་བྱ་དང་མི་མཐུན་པའི་དགེ་རྒན་རེ་ཟུང་ཕྱིར་འབུད་བྱ་རྒྱུ་དེ་རེད་ཅེས་གསུངས་པ་རེད།
         ཚེས་7ཉིན་སློབ་གསོ་པུས་《རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་འཆར་འགོད་རྩ་གནད་(2010—2020ལོའི་)》ཀྱི་དུས་ཡུན་འབྲིང་གི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་དཔྱད་དཔོག་བྱེད་པའི་ཆེད་དོན་སྙན་ཞུའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
         དཔྱད་དཔོག་སྙན་ཞུའི་ནང་2011ལོར་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་སྤྲོད་དང་དུས་བཀག་ཐོ་འགོད་སྒྱུར་བཅོས་ཀྱི་ཚོད་ལྟ་བྱེད་འགོ་བཙུགས་པ་ནས་བཟུང་། ཞིང་ཆེན་22ཀྱིས་ཚོད་ལྟའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་སྤྲོད་དང་དུས་བཀག་ཐོ་འགོད་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཕེལ་ཕྱོགས་བཟང་པོ་མངོན་ཡོད། ཐོབ་ཐང་རྒྱུགས་སྤྲོད་སྒྱུར་བཅོས་དང་དུས་བཀག་ཐོ་འགོད་ལམ་ལུགས་སྒྱུར་བཅོས་ཀྱིས་དགེ་རྒན་གྱི་འཇུག་འཐུས་ཚད་གཞི་མཐོ་རུ་བཏང་བ་དང་། དགེ་རྒན་གྱི་ཚེ་གང་ཐོབ་ཐང་ལམ་ལུགས་མེད་པར་བཟོས་པ། དགེ་རྒན་དཔུང་ཁག་གི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་བ་བཅས་རེད།
         ཞུས་ཐའོ་ཡིས“ལམ་ལུགས་དེ་གཉིས་ཀྱི་ལྟེ་བ་ནི‘འཛུལ་སྒོའི་འགག་སྒོ’དང་‘ཕྱིར་ཐོན་འགག་སྒོ’ཡག་པོ་སྲུང་བ་དང་། དུས་བཀག་ཐོ་འགོད་ལམ་ལུགས་ལ་སྐུལ་འདེད་གཏོང་རྒྱུ་ཅུང་བདེ་བླག་ཡོང་བ་བྱ་རྒྱུ་དེ་ཡིན་ཞིང་། གང་ཡིན་ཤེ་ན། ཚད་གཞི་ཧ་ཅང་སྟབས་བདེ་པོ་ཡོད་པས་དགེ་རྒན་ལ་རྙོག་དྲ་ཆེན་པོ་ཡོད་པའི་ཚོར་སྣང་ཡོད་པ་བྱེད་མི་རུང”ཞེས་བཤད། འོན་ཀྱང་མ་མཐའི་མཚམས་ཐིག་ཧ་ཅང་གསལ་པོ་ཡོད་པས། ཀུན་སྤྱོད་ལ་ནོར་འཕྲུལ་ཡོད་པའི་དགེ་རྒན་ལ་དུས་བཀག་ནང་ཐོ་འགོད་བྱེད་སྐབས་ཚང་མ“སྤ་སེ་གཅིག་གིས་ཁྲ་སློག་པ”དང་དགེ་རྒན་གྱི་ལོ་རེའི་ལས་འབོར་ངེས་པར་དུ་འགན་ལེན་བྱས་ནས་ཞུགས་འོས་པའི་ཆེད་ལས་བྱང་ཚད་ཀྱི་གསོ་སྦྱོང་དུས་ཚོད་ལ་བླང་བྱ་ཡོད་པ་བྱེད་དགོས།
         ཁོང་གིས་ལམ་ལུགས་ལག་བསྟར་བྱས་ཚུན་དགེ་རྒན་ཁག་གཅིག་ཐོ་འགོད་བྱེད་ཐུབ་མེད་པས་ལས་གནས་སྒྱུར་དགོས་བྱུང་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།