འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུའུ་ཡིའུ་ཡིའུ་ལ་སི་ཐོག་ཁོར་མོ་གྲོང་ཁྱེར་དུ་ནོ་པེར་གསོ་རིག་གཟེངས་རྟགས་བསྩལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་11ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐུའུ་ཡིའུ་ཡིའུ་ལ་སི་ཐོག་ཁོར་མོ་གྲོང་ཁྱེར་དུ་ནོ་པེར་གསོ་རིག་གཟེངས་རྟགས་བསྩལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་10ཉིན། སུའེ་ཏེན་རྒྱལ་ཁབ་ཀྱི་རྒྱལ་ས་སི་ཐོག་ཁོར་མོ་གྲོང་ཁྱེར་གྱི་རོལ་དབྱངས་ཚོམས་ཁང་དུ་འཚོགས་པའི་2015ལོའི་ནོ་པེར་གཟེངས་རྟགས་སྩོལ་བའི་མཛད་སྒོའི་ཐོག ཀྲུང་གོའི་ཚན་རིག་པ་ཐུའུ་ཡིའུ་ཡིའུ་ལ་སུའེ་ཏེན་གྱི་རྒྱལ་པོ་ཁར་སྐྱེ་ཕྲེང་བཅུ་དྲུག་པ་ཀུའུ་སི་ཐ་ཧྥུ་ཡིས་ནོ་པེར་གསོ་རིག་གཟེངས་རྟགས་གནང་བ་རེད།
         ཐུའུ་ཡིའུ་ཡིའུ་ཡིས་གསར་གཏོད་རང་བཞིན་ལྡན་པའི་ངང་རྩྭ་སྨན་ཁྲོད་ནས་མཁན་ནག་རྒྱུ་བཀར་ནས་འདར་ནད་སྨན་བཅོས་ཀྱི་ཐད་ལ་སྤྱད་པས། 2015ལོའི་ནོ་པེར་གསོ་རིག་གཟེངས་རྟགས་ཐོབ་པ་རེད། འདི་ནི་ཀྲུང་གོའི་ཚན་རིག་པས་ཀྲུང་གོའི་ས་ཐོག་ནས་ཚན་རིག་ཞིབ་འཇུག་བྱས་པ་ལས་ནོ་པེར་གཟེངས་རྟགས་ཐོབ་མཁན་ཐོག་མ་ཡིན་པ་དང་། འདི་ནི་ཀྲུང་གོའི་གསོ་རིག་ལས་རིགས་ད་བར་དུ་ཐོབ་པའི་ཆེས་མཐོ་བའི་གཟེངས་རྟགས་ཡིན་ལ། ཀྲུང་ལུགས་གསོ་རིག་ཐད་ཀྱི་གྲུབ་འབྲས་ལ་ཐོབ་པའི་གཟེངས་རྟགས་ཆེས་མཐོ་བའང་རེད།
    ༄༅།།ཐུའུ་ཡིའུ་ཡིའུ་ལ་སི་ཐོག་ཁོར་མོ་གྲོང་ཁྱེར་དུ་ནོ་པེར་གསོ་རིག་གཟེངས་རྟགས་བསྩལ་བ།
    ༄༅།།ཐུའུ་ཡིའུ་ཡིའུ་ལ་སི་ཐོག་ཁོར་མོ་གྲོང་ཁྱེར་དུ་ནོ་པེར་གསོ་རིག་གཟེངས་རྟགས་བསྩལ་བ།
      

    ཕྱོགས་བསྡུས་གསར་འགྱུར།