འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོར་ཡུག་སྲུང་སྐྱོང་པུའུ་ནུབ་བྱང་ལྟ་སྐུལ་ཞིབ་བཤེར་ལྟེ་གནས་ཀྱིས་མཚོ་སྔོན་ཞིང་ཆེན་
    མཚོ་ནུབ་ཀྲོའུ་ལ་ཁ་ཆད་གྲོས་མོལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་11ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཁོར་ཡུག་སྲུང་སྐྱོང་པུའུ་ནུབ་བྱང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ལྟེ་གནས་ཀྱིས་ཚེས་3ཉིན་ཤིས་ཨན་དུ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་དང་ཁ་ཆད་གྲོས་མོལ་བྱས་ཏེ་མཚོ་ནུབ་ཀྲོའུ་ལ་ཁོར་ཡུག་སྲུང་སྐྱོང་ཐད་གནས་པའི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་གནད་ལ་འཁེལ་མེད་པ་དང་། ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་རྗེས་སུ་ལུས་པ། ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་མངོན་གསལ་དོད་པ་སོགས་ཀྱི་གནད་དོན་ཁ་གསལ་བསྟན་པ་རེད།
          ནུབ་བྱང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ལྟེ་གནས་ཀྱིས་འདི་ལོ་མཚོ་ནུབ་ཀྲོའུ་རུ་ཁོར་ཡུག་སྲུང་སྐྱོང་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་བྱས་པའི་རིང་མཚོ་ནུབ་ཀྲོའུ་ཡི་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཀྱང་། ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་གསར་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཀྲུང་དབྱང་གི་བླང་བྱའི་ཐད་ད་དུང་ཧེ་བག་མངོན་གསལ་དོད་པ་དང་། མཚོ་ནུབ་ཀྲོའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་གི་ཁོར་ཡུག་གནད་དོན་ད་དུང་མངོན་གསལ་དོད་པོ་ཡོད་ཅེས་བསྟན་པ་རེད།
          ཁ་ཆད་གྲོས་མོལ་བྱེད་རིང་ནུབ་བྱང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ལྟེ་གནས་ཀྱིས་ད་དུང་མཚོ་ནུབ་ཀྲོའུ་ཡི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁྲིམས་འགལ་གནད་དོན་ཚབས་ཆེ་བ་དང་། ཀྲོའུ་དེ་ཡོངས་སུ་རྣམ་གྲངས་32ཡུན་རིང་ཚོད་ལྟའི་ཐོན་སྐྱེད་བྱས་ཀྱང་ཞིབ་བཤེར་རྩིས་ལེན་བྱས་མེད་པ་དང་རྣམ་གྲངས་19ཆོག་མཆན་མ་བཀོད་པར་སྔོན་དུ་བསྐྲུན་ཡོད། ཡུལ་དངོས་སུ་ཞིབ་བཤེར་བྱས་པའི་ཁེ་ལས་གཙོ་གནད་14ཡི་ནང་7ལ་ཡུན་རིང་ཚད་ལས་བརྒལ་བའི་སྦགས་བཙོག་དངོས་པོ་ཕྱིར་གཏོང་གི་བྱེད་སྤྱོད་ཚབས་ཆེན་གནས་ཡོད་ཅེས་བསྟན་ཡོད།
         ཁ་ཆད་གྲོས་མོལ་བྱེད་རིང་མཚོ་ནུབ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲོའུ་ཀྲང་ནུའོ་ཝེ་ཞིང་གིས་བཅོས་སྒྲིག་གི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་བཅོས་སྒྲིག་གི་དུས་ཡུན་གཏན་འཁེལ་བྱེད་པ་དང་། སྡེ་ཚན་ཁག་གི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་བསྐྱར་དུ་གསེད་བཀྲོལ་དང་ཞིབ་ཕྲ་བཟོ་བ། ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི“གཅིག་རྐྱང་འཐབ་འཛིང”གི་གནས་སྟངས་རྩ་བའི་ཆ་ནས་བསྒྱུར་བ་བཅས་བྱ་རྒྱུ་མ་ཟད། ཀྲོའུ་དེ་ཡོངས་ཀྱི་ལྟ་སྡོམ་ནུས་ཤུགས་དང་ཐོན་ཁུངས་ཀྱི་ནུས་ཤུགས་བསྡུ་སྒྲིལ་བྱས་ནས“གཏོགས་ཁོངས་དོ་དམ་དང་། རིམ་དབྱེ་འགན་འཁུར། ཁྱོན་ཡོངས་ཁྱབ་པ། འགན་འཁྲི་མི་ཐོག་ཏུ་འཁྱོལ་བའི”“དྲ་མིག་ཅན”གྱི་ཁོར་ཡུག་ལྟ་སྡོམ་གྱི་མ་ལག་ཅིག་བསྐྲུན་དགོས་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།