འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་མཚོ་སྔོན་དུ་སྒྲོག་འགྲེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་11ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ནོར་སྲིད་པུའི་པུའུ་ཀྲང་ལོའུ་ཅི་ཝུའེ་ཡིས་མཚོ་སྔོན་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ལུའོ་ཧུའེ་ཉིང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ལོའུ་ཅི་ཝུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་དགོངས་པ་དང་། དམིགས་ཚད་གཙོ་བོ། གཞི་རྩའི་འདུ་ཤེས་བཅས་སྟངས་འཛིན་འཕྱུགས་མེད་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཏང་གི་ནུས་པ་ཆེར་གཏོང་སོགས་ཐད་བརྒྱུད་རིམ་ལྡན་པའི་གསལ་འགྲེལ་བྱས་པ་དང་ཆབས་ཅིག་གཞི་གྲངས་དང་དཔེ་མཚོན་མང་དག་དྲངས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་འགའ་ཤས་ཐད་དོན་ཟབ་གོ་སླའི་རྒྱས་བཤད་བྱས་པ་རེད།
         མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཞའོ་ནན་གྱིས“དེ་རིང་གི་སྒྲོག་འགྲེལ་ཉན་པ་བརྒྱུད་མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་མ་གཏོང་བ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་འགྲོ་ཐུབ་པ་བྱུང་སོང”ཞེས་བརྗོད་པ་རེད། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་མཱ་ཕུང་ཧྲེན་གྱིས“སྒྲོག་འགྲེལ་སྙན་ཞུ་བྱས་པ་དེས་ང་ཚོས་སླད་ཕྱིན་གྱི་ལོ་ལྔའི་དབུལ་སྐྱོར་འགག་སྒྲོལ་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་རིང་གི་གནས་བབ་དང་ནུས་པ་གལ་ཆེན་ལ་ངོས་འཛིན་བྱུང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་ཡིད་ཆེས་སྔར་བས་བརྟན་དུ་འགྲོ་ཐུབ་པ་བྱུང་སོང”ཞེས་བརྗོད་བྱུང་།
         “མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་ཆེད་ལས་ཞིབ་འཇུག་སྒྲིག་གཞི་ཡིན་པའི་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་དྲིལ་བསྒྲགས་དང་ཚན་རིག་ཞིབ་འཇུག་ཏན་ཏིག་ངང་ཡག་པོ་བྱས་ནས་མཚོ་སྔོན་དང་རྒྱལ་ཡོངས་དུས་གཅིག་ཏུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་ཐད་སྤུས་ཚད་མཐོ་བའི་རིག་མཛོད་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཡོའན་ཧྲི་ཁྲེན་ཝུའེ་ཡིས་བརྗོད་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱི་ས་གནས་ཁག་དང་། ཚན་པ་ཁག སྡེ་ཚན་ཁག་བཅས་ཀྱིས་ལས་བྱེད་མང་ཚོགས་སྒྲིག་འཛུགས་བྱས་ནས་བརྙན་འཕྲིན་བརྒྱུད་ས་གནས་ས་ཐོག་གི་སྙན་ཞུའི་ཚོགས་འདུར་བལྟས་པ་རེད། མཚོ་སྔོན་ཞིང་ཨུད་དང་། ཞིང་ཆེན་མི་དམངས་འཐུས་ཚོགས། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་། བཅིངས་འགྲོལ་དམག་དྲག་ཆས་ཉེན་རྟོག་དཔོན་དམག་གི་འཐུས་མི། ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་འཐུས་མི་བཅས་དང་དེ་བཞིན་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པའི་འཐུས་མི་སོགས་མི་གྲངས་800ཡིས་སྙན་ཞུ་ཉན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།