འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི“ནོར་ནོར་བརྙན་འཕྲིན”དང་བོད་ཀྱི་སྤྱན་རས་
    ཞེས་པའི་ལག་འཁྱེར་ཁ་པར་སྒུལ་བདེའི་དུད་སྣེ་དངོས་སུ་ཤར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་10ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི“ནོར་ནོར་བརྙན་འཕྲིན”དང་བོད་ཀྱི་སྤྱན་རས་
ཞེས་པའི་ལག་འཁྱེར་ཁ་པར་སྒུལ་བདེའི་དུད་སྣེ་དངོས་སུ་ཤར་གཏོང་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན་བོད་ལྗོངས་དྲ་བའི་བརྙན་འཕྲིན་ལས་ཁུངས་ཀྱི“ནོར་ནོར་བརྙན་འཕྲིན”དང་བོད་ཀྱི་སྤྱན་རས་ཞེས་པའི་ལག་འཁྱེར་ཁ་པར་སྒུལ་བདེའི་དུད་སྣེ་མཉམ་དུ་ཤར་གཏོང་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད། ནོར་ནོར་བརྙན་འཕྲིན་ནི་བོད་ལྗོངས་དྲ་བའི་བརྙན་འཕྲིན་ལས་ཁུངས་ཀྱི་རྨང་གཞིའི་ལས་སྟེགས་ཡིན་ལ། ཤེས་རྟོགས་དང་། ཉམས་ཞིབ། འཛད་སྤྱོད་བཅས་ཀྱི་ནུས་པ་གཅིག་དུ་འདུས་པའི་ནུས་པ་སྣ་མང་ཅན་གྱི་དྲ་ཚིགས་ཤིག་ཀྱང་རེད།  བོད་ཀྱི་སྤྱན་རས་ཞེས་པའི་སྒུལ་བདེའི་དུད་སྣེ་དེ་ནི་བོད་ལྗོངས་ས་གནས་ཀྱི་ཆ་འཕྲིན་སོགས་མཁོ་སྤྲོད་བྱེད་པ་ཞབས་ཞུ་གཙོ་བོ་བྱེད་པའི་སྒུལ་བདེའི་དུད་སྣེ་ཞིག་ཡིན་ལ། ནང་དོན་ལ་ཟས་རིགས་དང་། ཞག་སྡོད། རོལ་རྩེད། ཉོ་འཚོང་སོགས་ཀྱང་འདུས་ཤིང་། ཐུན་མོང་མ་ཡིན་པའི་སྒོ་ནས་མཚམས་སྦྱོར་བྱེད་པར་བརྟེན་ནས་རྒྱ་ཆེའི་བཀོལ་སྤྱོད་བྱེད་མཁན་ལ་བོད་ལྗོངས་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་མ་ཟད། བཀོལ་སྤྱོད་བྱེད་མཁན་ཚོས་ད་དུང་བོད་ཀྱི་སྤྱན་རས་ལ་བརྟེན་ནས་བོད་ལྗོངས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་ཉན་པ་དང་ཉར་ཚགས་སོགས་བྱས་ཆོག་པ་རེད།
    ༄༅།།བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི“ནོར་ནོར་བརྙན་འཕྲིན”དང་བོད་ཀྱི་སྤྱན་རས་
ཞེས་པའི་ལག་འཁྱེར་ཁ་པར་སྒུལ་བདེའི་དུད་སྣེ་དངོས་སུ་ཤར་གཏོང་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།