འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཚྭ་འདམ་གཤོངས་ས་ནས་ཐོན་པའི་ཞིང་ལས་ཐོན་ཟོག་པེ་ཅིང་དུ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་11ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གྱི་ཚྭ་འདམ་གཤོང་སའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་འགྲེམས་ཚོགས་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཚོང་འགུག་མ་འདྲེན་ཁྱབ་བསྒྲགས་ཚོགས་འདུ་དེ་ཚེས་7ཉིན་པེ་ཅིང་དུ་འཚོགས་ཤིང་། མཚོ་ནུབ་ཀྲོའུ་ཡི་ཚྭ་འདམ་གཤོང་སའི་འདྲེ་ཚེར་མ་དམར་ནག་རིགས་དང་། ཚྭ་འདམ་གཤོང་སའི་ནོར་ལུག་གི་ཤ། ས་མཐོའི་ཆུ་གྲང་མོའི་གསོ་སྤེལ་ཐོན་ཟོག་དང་གྲོ་སོགས་གྲགས་ཁྱད་ལེགས་གསུམ་གྱི་ཞིང་ལས་ཐོན་ཟོག་པེ་ཅིང་དུ་བཏོན་པ་རེད།
          ད་རེས་ཀྱི་འགྲེམས་ཚོགས་དམིགས་ཡུལ་ནི་ཚྭ་འདམ་གཤོང་སའི་གྲགས་ཁྱད་ལེགས་གསུམ་གྱི་ཞིང་ལས་ཐོན་ཟོག་འོས་སྦྱོར་བྱ་རྒྱུ་དེ་ཡིན་པ་དང་། འགྲེམས་ཚོགས་འཚོགས་ཐུབ་པ་དེས་མཚོ་སྔོན་གྱི་ཚྭ་འདམ་གཤོང་སའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་པེ་ཅིང་ཁྲོམ་རར་འདོན་ཐེངས་ཐོག་མར་གྱུར་པ་མཚོན་པས། མི་རིང་བར་རྒྱལ་སའི་འཛད་སྤྱོད་པས་མཚོ་སྔོན་ས་མཐོའི་ཚྭ་འདམ་གཤོང་ས་རང་ནས་ཐོན་པའི་སྦགས་བཙོག་གང་ཡང་མེད་པའི་ལྷད་མེད་ལྗང་མདོག་ཟས་རིགས་ལོངས་སྤྱོད་ཐུབ་རྒྱུ་རེད།
         ཚོགས་འདུའི་ཐོག་མཚོ་ནུབ་ཀྲོའུ་སྲིད་གཞུང་དང་ཁེ་ལས་ཀྱིས་ཁེ་ལས་10ལ་ཉེ་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། པེ་ཅིང་སོགས་ནས་ཡོང་བའི་ཁེ་ལས་མང་པོ་མཚོ་ནུབ་ཀྲོའུ་ལ་མ་འཇོག་དང་གསར་སྤེལ་བྱ་བའི་ནང་ཞུགས་རྒྱུ་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ནུབ་ཀྲོའུ་དེ་མཚོ་སྔོན་ས་མཐོའི་བྱང་ལ་གནས་ནས་ལོ་རྒྱུས་ཐོག་གི“དར་གོས་ལམ་བུའི”ལྷོ་ལམ་གྱི་བརྒྱུད་དགོས་ངེས་ཀྱི་ལམ་དང་ས་ཚུགས་གལ་ཆེན་ཞིག་ཏུ་འཁེལ་བ་དང་། དེའི་ཚྭ་འདམ་གཤོང་ས་ནི་ཐོན་ཁུངས་ཕུན་སུམ་ཚོགས་པའི་དམིགས་བསལ་ས་ཆ་ཞིག་ཡིན་པས་གཏེར་ཁ་དང་། ནུས་རྒྱུ་གསར་པ། ས་མཐོའི་ཡུལ་སྐོར་བཅས་ཐོན་ཁུངས་ཧ་ཅང་མང་བའི་ཁར་ཁྱད་ལྡན་ཞིང་འབྲོག་ལས་ཐད་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད། མཚོ་ནུབ་ཀྱི་ཡངས་ཤིང་རྒྱ་ཆེ་བའི་རང་བྱུང་རྩྭ་རར་སྲོག་ཆགས་དང་རྩྭ་རྩི་ཤིང་མང་ལ་སྣོད་བཅུད་སྔར་ཡོད་གནོད་མེད་དུ་གནས་པ་ནི་སྐྱེ་ལྡན་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་གཏོང་ཡུལ་ཡག་པོ་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།