འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་བདེ་ཆེན་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོའི་ནད་འབུའི་གནོད་འཚེ་སྔ་ས་
    ནས་འགོག་བཅོས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་11ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར་གཙང་འགྲམ་གྱི་ལུང་གཞུང་ཁུལ་དང་ཕྱེད་རི་ཁུལ་གྱི་ཞིང་ལས་ཐོན་སྐྱེད་དེ་སྟོན་འདེབས་དུས་མཚམས་སུ་སླེབས་པ་དེ་གྲོའི་ནད་འབུའི་གནོད་འཚེ་འགོག་བཅོས་ཀྱི་འགག་རྩའི་དུས་མཚམས་ཡིན་པར་བརྟེན་ཡུན་ནན་བདེ་ཆེན་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྔ་ས་ནས་འགོག་བཅོས་བྱས་ཏེ་སྟོན་འདེབས་དང་ཟུང་འབྲེལ་གྱིས་གྲོ་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་ལས་དོན་ལ་དམ་འཛིན་བྱེད་ཀྱི་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་གྲོའི་བཙའ་ནད་དང་ནས་ཀྱི་སྙེ་ནག་ནད་སོགས་ནད་འབུའི་གནོད་པ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཚད་མི་འདྲ་བའི་ངང་ཐོན་པ་རེད། ནད་དང་འབུའི་གནོད་པ་ཆུང་དུ་གཏོང་ཕྱིར་འདི་ལོ་གྲོང་ཁྱེར་ཞིང་ལས་ཚན་རྩལ་ཅུས་ཀྱིས་འདེབས་འཛུགས་དུད་ཚང་ལ་ས་བོན་ནས་ཐག་གཅོད་བྱ་རྒྱུའི་མཛུབ་ཁྲིད་བྱས་པ་དང་དུས་མཚུངས་མངོན་མེད་གནོད་འབུ་འགོག་བཅོས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ལོ་ཏོག་འཚར་སྐྱེའི་སྐབས་དུས་དང་རྣམ་པ་ཀུན་ཏུ་ལྟ་ཞིབ་ཚད་ལེན་བྱས་ནས་གཞི་ཁྱོན་ཆེ་བའི་འགོག་བཅོས་ལས་དོན་སྒྲིག་འཛུགས་ཡག་པོ་བྱེད་པ། གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ནད་དང་འབུའི་གནོད་པ་འགོག་བཅོས་བྱེད་པའི་ཞིང་དུད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ནད་འབུའི་གནོད་འཚེ་དེ་ཚད་དམའ་ཤོས་སུ་ཚོད་འཛིན་ཐུབ་པ་བྱེད་པ་དང་ཕྱི་ལོ་དབྱར་འབྲུར་ལོ་ལེགས་ཡོང་བའི་རྨང་གཞི་ཡག་པོ་འདིང་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།