འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་ལུས་རྩལ་ཐོན་ལས་འཕེལ་རྒྱས་དོན་གཉེར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་11ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9ཉིན་2015ལོའི་བོད་ལྗོངས་ལུས་རྩལ་ཐོན་ལས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ་དེ་ནི་བོད་ཀྱིས་ཉེ་དུས་བསྟུད་མར་སྐོང་ཚོགས་བྱས་པའི་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དེ་རེད།
         ཉིན་དེར་འཚོགས་པའི་ལུས་རྩལ་ཐོན་ལས་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་དེ་ནི་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་ས་གཤིས་སློབ་ཆེན་དང་ཀྲུང་གོ་རྒྱལ་སྤྱིའི་ཐང་སྡེར་ཚོགས་ཆེན་གྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་སློབ་ཁྲིད་བྱེད་པར་གདན་དྲངས་པ། རང་རྒྱལ་གྱི་གྲགས་ཅན་མྱུལ་དཔྱད་པ་ཅིན་ཧྥེ་པའོ་བགྲོ་གླེང་ཚོགས་འདུར་ཕེབས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད། ཚོགས་འདུའི་བརྗོད་དོན་གཙོ་བོ་ཁྱབ་རྒྱ་ཧ་ཅང་ཆེ་ཞིང“དྲ་སྦྲེལ་+དང་རི་འཛེག་ཐོན་ལས་ཟུང་དུ་འབྲེལ་བ”སོགས་བྱེད་སྟངས་གསར་པ་དང་འབྲེལ་བ་ཡོད། ཚོགས་ཞུགས་མི་སྣ་བརྒྱ་ཙམ་ཟིན་པ་དང་མང་ཆེ་བ་ནི་བོད་ཀྱི་ལུས་རྩལ་སྡེ་ཚན་གྱི་འཐུས་མི་དང་རི་འཛེག་ལས་དོན་པ་ཡིན་པ་རེད།
         བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་བོད་ལ་ས་བབ་མཐོ་བའི་གངས་རི་ཡོད་ལ། གདོད་མའི་ནགས་ཚལ་དང་། རྒྱུག་ཆུ་དང་མཚེའུ། རྩྭ་ཐང་དང་ཐང་རྒོད་སོགས་ཀྱང་ཡོད་པས། ཕྱི་རོལ་གྱི་ལུས་རྩལ་འཕེལ་རྒྱས་གཏོང་བའི་བར་སྟོང་ཧ་ཅང་ཆེན་པོ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།