འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་ལྗོངས་སུ་སྒྲོག་འགྲེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་11ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9ཉིན་སྔ་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཚའེ་ཧྥང་གིས་བོད་རང་སྐྱོང་ལྗོངས་མི་དམངས་ཚོགས་ཁང་དུ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚའེ་ཧྥང་གིས“མི་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཚོན་པའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་གྲོས་འགོ”ཞེས་པ་འགོ་བརྗོད་དུ་བྱས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ཕྱོགས་ཡོངས་ནས་རྒྱས་བཤད་གཏིང་ཟབ་བྱས་པ་དང་། འཐབ་ཇུས་གལ་ཆེན་གྱི་གོ་སྐབས་དུས་མཚམས་ཀྱི་ནང་དོན་ལ་འགྱུར་ལྡོག་གསལ་འགྲེལ་ཞིབ་ཚགས་བྱས་པ་མ་ཟད། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པ་དང་། གླེང་མང་ཤོས་ཀྱི་གནད་དོན་དང་ཟུང་འབྲེལ་བྱས་ཏེ་གནད་འཁེལ་དང་། གཏིང་ཟབ། དབང་གྲགས་བཅས་ཀྱི་ལན་བཏབ་པ་རེད།
         སྙན་ཞུའི་ཚོགས་འདུར་ཞུགས་རྗེས་བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི་ལས་བྱེད་པ་ཚེ་རིང་ནོར་བུས“ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་ངས་ཏང་ཀྲུང་དབྱང་གིས་ཁྲིམས་སྐྱོང་རིགས་ལམ་དང་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་བཀོད་སྒྲིག་བླང་བྱར་གོ་བ་གཏིང་ཟབ་བླངས་པ་མ་ཟད་ཁོང་དུ་ཡང་དག་ཀྱང་ཆུད་པ་བྱས་ཡོད། སླད་ཕྱིན“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ཏེ་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་བྱ་ཆེད་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་བྱ་རྒྱུ་རེད”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།