འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཞིང་ཆེན་ཚའོ་ཧའེ་རུ་2015ལོའི་དགུན་དུས་སྐྱེལ་བའི་དུས་བྱ་ཁག་དང་པོ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་04ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀུའེ་ཀྲོའུ་ཞིང་ཆེན་ཚའོ་ཧའེ་རུ་2015ལོའི་དགུན་དུས་སྐྱེལ་བའི་དུས་བྱ་ཁག་དང་པོ་སླེབས་པ།
         མི་དམངས་དྲ་བའི་འཕྲིན། 2015ལོའི་ཟླ་11ཚེས་3ཉིན། ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་ས་ཁུལ་དུ་གནམ་གཤིས་དྲོད་ཚད་དམའ་རུ་ཕྱིན་པ་དང་བསྟུན་ནས་ཚའོ་ཧའེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་2015ལོའི་དགུན་དུས་སྐྱེལ་བའི་དུས་བྱ་ཁག་དང་པོ་སླེབས་པས། སྟོན་གཞུང་གི་ཚའོ་ཧའེ་འདམ་རར་སྐྱེ་སྟོབས་སྦྱིན་པ་རེད། ཚའོ་ཧའེ་ནི་ཀུའེ་ཀྲོའུ་ཞིང་ཆེན་ཝེ་ཉིང་རྫོང་ཁོངས་སུ་ཡོད་པ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་རིགས་ཁྲུང་ཁྲུང་སྐེ་ནག་གི་དགུན་དུས་སྐྱེལ་བའི་འཚོ་གནས་ཁུལ་གཙོ་བོ་ཡིན་ལ། རྒྱལ་ཡོངས་ཀྱི་བྱ་རིགས་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་འདམ་རའི་གྲས་ཤིག་ཀྱང་རེད། ཚའོ་ཧའེ་འདམ་ར་ནི་རྒྱལ་ནང་གི་མཐོ་སྒང་འདམ་རའི་སྐྱེ་ཁམས་མ་ལག་ཆ་ཚང་ཞིང་དཔེ་མཚོན་ཅན་ཞིག་ཡིན་ལ། དེའི་སྐྱེ་དངོས་སྣ་མང་རང་བཞིན་དང་གནམ་གཤིས་དམིགས་བསལ་རང་བཞིན་ནི་འཛམ་གླིང་སྟེང་དཔེ་མཚོན་གྱི་དོན་སྙིང་ལྡན་པའི་གནས་ཤིག་རེད། ལོ་ལྟར་རེ་བཞིན་དུས་བྱ་འབོར་ཆེན་གནས་འདིར་དགུན་དུས་སྐྱེལ་བར་ཡོང་གི་ཡོད་པས། ཚའོ་ཧའེ་ནི་“འཛམ་གླིང་སྟེང་བྱ་རིགས་སྤྱན་གཟིགས་བྱེད་པའི་འདམ་ར་ལེགས་ཤོས་”ཀྱི་གྲས་ཤིག་ཡིན་པའི་མཚན་སྙན་ཐོབ་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།ཀུའེ་ཀྲོའུ་ཞིང་ཆེན་ཚའོ་ཧའེ་རུ་2015ལོའི་དགུན་དུས་སྐྱེལ་བའི་དུས་བྱ་ཁག་དང་པོ་སླེབས་པ།
      

    ཕྱོགས་བསྡུས་གསར་འགྱུར།