འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་སྒམ་ཆུང་ནག་པོ་ལས་གནམ་གྲུར་ཕྱི་
    ཕྱོགས་ནས་རྒོལ་བ་ཐེབས་མེད་པའི་དབྱེ་ཞིབ་བྱས་འབྲས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་04ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨུ་རུ་སུའི་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་སྒམ་ཆུང་ནག་པོ་ལས་གནམ་གྲུར་ཕྱི་
ཕྱོགས་ནས་རྒོལ་བ་ཐེབས་མེད་པའི་དབྱེ་ཞིབ་བྱས་འབྲས་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་2015ལོའི་ཟླ་11ཚེས་2ཉིན། སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བ་ལྟར་ན། ཨེ་ཅིབ་རྒྱལ་ཁབ་ཀྱི་ཞི་ནའེ་གླིང་ཕྲན་ཕྱེད་ཙམ་དུ་ཆག་སྒོ་བྱུང་བའི་ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུའི་སྒོམ་ཆུང་ནག་པོར་དབྱེ་ཞིབ་བྱེད་པའི་བརྟག་དཔྱད་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་དབྱེ་ཞིབ་བྱས་འབྲས་སུ། གནམ་གྲུར་ཕྱི་རོལ་ནས་རྒོལ་བའམ་ཡང་ན་འཕུར་མདས་འཇབ་རྒོལ་ཐེབས་པ་མ་ཡིན་པ་དང་། གནམ་གྲུ་ལེ་ཏ་འཕྲུལ་ཆས་ཀྱིས་ལྟ་ཞིབ་བྱེད་ཁོངས་སུ་མེད་པར་གྱུར་པའི་སྔོན་ལ་གནམ་གྲུའི་ཁ་ལོ་བས་ཀྱང་ཉེན་སྐྱོབ་ཀྱི་འཕྲིན་བརྡ་བཏང་མེད་པ་རེད། གནས་ཚུལ་སྒྲོག་མཁན་གྱིས་དེ་ལས་ལྷག་པའི་གནས་ཚུལ་ཞིབ་ཆ་གསལ་བཤད་མ་བྱས་རུང་། མིག་སྔར་བསྒྲགས་པའི་མཇུག་འབྲས་འདི་དག་ནི་གནམ་གྲུའི་ཆག་རོ་ཁྲོད་ནས་རྙེད་པའི་སྒོམ་ཆུང་ནག་པོར་དབྱེ་ཞིབ་ཐོག་མར་བྱས་པ་ལས་ཐོབ་པའི་སྡོམ་ཚིག་ཡིན་ཞེས་བསྟན་པ་རེད།
         ཨུ་རུ་སུའི་འཁོར་སྐར་དྲ་བ་ནས་ཟླ་11ཚེས་2ཉིན་སྤེལ་བའི་གནས་འཕྲིན་ལྟར་ན། ཨུ་རུ་སུའི་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུ་གཏོགས་པའི་ཀུང་སིའི་མཐོ་རིམ་དོ་དམ་མི་སྣས་ཀུང་སི་དེ་ཉིད་ཀྱིས་འགྲུལ་སྐྱེལ་གནམ་གྲུ་A321ལ་བར་སྣང་ནས་ཆག་སྒོ་བྱུང་བའི་རྒྱུ་རྐྱེན་ནི་ཕྱི་རོལ་ནས་ཤུགས་ཐེབས་པའི་རྐྱེན་གྱིས་ཡིན་སྙམ་ཞེས་བཤད་པ་དང་། ཁོང་གིས་ད་དུང་འགྲུལ་སྐྱེལ་གནམ་གྲུ་A321ཆག་སྒོ་མ་བྱུང་སྔོན་ལ་གནམ་གྲུའི་གྲུབ་ཆར་ཆག་སྐྱོན་ཚབས་ཆེན་བྱུང་ཤས་ཆེ་ཅེས་བཤད་ཅིང་། ཀུང་སི་ཡིས་ལག་རྩལ་དང་ཁ་ལོ་བའི་རྐྱེན་གྱིས་གནམ་གྲུར་ཆག་སྒོ་བྱུང་བ་ཁས་ལེན་བྱེད་ཀྱི་མེད་པ་རེད།
    ༄༅།།ཨུ་རུ་སུའི་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་སྒམ་ཆུང་ནག་པོ་ལས་གནམ་གྲུར་ཕྱི་
ཕྱོགས་ནས་རྒོལ་བ་ཐེབས་མེད་པའི་དབྱེ་ཞིབ་བྱས་འབྲས་ཐོབ་པ།
    ༄༅།།ཨུ་རུ་སུའི་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་སྒམ་ཆུང་ནག་པོ་ལས་གནམ་གྲུར་ཕྱི་
ཕྱོགས་ནས་རྒོལ་བ་ཐེབས་མེད་པའི་དབྱེ་ཞིབ་བྱས་འབྲས་ཐོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།