འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།གཞོས་སྐྱེས་བྱུག་བྲིས་རི་མོ་བ་བཀྲ་ཤིས་ཀྱི་བརྩམས་ཆོས་བདམས་བཀོད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་04ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གཞོས་སྐྱེས་བྱུག་བྲིས་རི་མོ་བ་བཀྲ་ཤིས་ཀྱི་བརྩམས་ཆོས་བདམས་བཀོད།
         བཀྲ་ཤིས་ནི་སྤྱི་ལོ་1993ལོར་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་ཁྱིམ་ཚང་དཀྱིས་མ་ཞིག་ནས་སྐྱེས་ཤིང་། རྒྱལ་རྩེ་རྫོང་ནས་སློབ་ཆུང་འགྲིམ་རྗེས། ཧྲང་ཧའེ་གྲོང་ཁྱེར་ཀུང་ཁང་སློབ་འབྲིང་དང་པེ་ཅིང་བོད་ལྗོངས་སློབ་འབྲིང་གཉིས་ནས་དམའ་འབྲིང་དང་མཐོ་འབྲིང་གི་བསླབ་ཚན་ལ་སློབ་སྦྱོང་བྱས། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དོ་དམ་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། ཁོ་བོ་ཆུང་དུས་ནས་རི་མོ་འབྲི་བ་སོགས་ལ་དགའ་ཞེན་ཡོད་ན་ཡང་། མཛེས་རིས་ཆེད་ལས་ཀྱི་སློབ་སྦྱོང་བྱས་མྱོང་མེད་པས། ཁོམ་པ་ཡོད་དུས་འཆར་འགོད་དང་རི་མོ་འབྲི་སྦྱོང་བྱས་པ་རེད།
         སློབ་ཆེན་དུ་ཞུགས་པའི་ཁོ་བོ་ནི་བོད་ཀྱི་བྱུག་བྲིས་རི་མོ་བ་ཆུང་ཆུང་ཞིག་ཏུ་ཆགས་ཡོད་ཅིང་། ནམ་རྒྱུན་བྱུག་བྲིས་རི་མོ་དང་བར་བཅུག་གཟུགས་རིས། Logo དྲིལ་བསྒྲགས་ཚགས་པར། བོད་རྒྱ་དབྱིན་གསུམ་གྱི་ཡིག་གཟུགས་གསར་གཏོད་དང་འཆར་འགོད་སོགས་བྱེད་ཀྱི་ཡོད། དེ་སྔོན་བོད་ཡིག་དང་དབྱིན་ཇིའི་ཡིག་གཟུགས་མང་པོ་འཆར་འགོད་བྱས་མྱོང་ཡོད་ལ། སློབ་གྲྭ་ཁག་དང་ཁེ་ལས། ཚོང་རྟགས། བྲོ་ཚོགས་དང་རོལ་ཚོགས་མང་པོའི་དྲིལ་བསྒྲགས་ཚགས་པར་གྱི་འཆར་འགོད་ནང་ཡང་ཞུགས་མྱོང་ཡོད་པ་རེད།
         མིག་སྔར། ཁོ་བོས་དབྱིངས་(Ying)བོད་ལྗོངས་པར་རིས་འཆར་འགོད་ཁང་ན་ལས་ཀ་བྱེད་བཞིན་ཡོད་ལ། རང་ཉིད་ཀྱི་འབད་བརྩོན་བརྒྱུད་ནས་མི་དེ་བས་མང་པོ་ཞིག་ལ་བྱུག་བྲིས་རི་མོ་འདིར་རྒྱུས་མངའ་ཡོད་པ་དང་། རིག་གནས་འདི་ཉིད་བོད་དུ་དར་ཐུབ་པ་དང་འཕེལ་རྒྱས་འབྱུང་ཐུབ་པར་བྱེད་པ་ནི་ཁོ་བོའི་སེམས་ཀྱི་འདུན་མ་ཡིན་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】
     
    【13】  【14】
    ༄༅།།གཞོས་སྐྱེས་བྱུག་བྲིས་རི་མོ་བ་བཀྲ་ཤིས་ཀྱི་བརྩམས་ཆོས་བདམས་བཀོད།
      

    ཕྱོགས་བསྡུས་གསར་འགྱུར།