འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེང་ཏུའུ་འགག་སྒོས་འཛམ་གླིང་སྟེང་གཟུགས་བྱད་ཆེ་ཤོས་ཡིན་པའི་གྲོག་མ་སྟོང་ལས་
    བརྒལ་བ་བཀག་སྟེ་རྩིས་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་04ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཁྲེང་ཏུའུ་འགག་སྒོས་འཛམ་གླིང་སྟེང་གཟུགས་བྱད་ཆེ་ཤོས་ཡིན་པའི་གྲོག་མ་སྟོང་ལས་
བརྒལ་བ་བཀག་སྟེ་རྩིས་ལེན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན་དང་ཟླ་11ཚེས་1ཉིན་ལ་ཁྲེང་ཏུའུ་མཁའ་འགྲུལ་ལྟེ་གནས་འགག་སྒོས་འཇར་མན་ནས་རྒྱལ་ཁོངས་བསྐུར་ཡོང་བའི་མྱུར་སྐྱེལ་བསྐུར་དངོས་ཀྱི་ཁྲོད་དུ་གྲོག་མ་གསོན་པོ་ཡོད་པ་བཀག་སྟེ་རྩིས་ལེན་བྱས་པ་རེད། མྱུར་སྐྱེལ་བསྐུར་དངོས་ཐེངས་གཉིས་ཀ་སྙན་ཞུ་རྫུན་མ་བྱེད་ཐབས་ལ་བརྟེན་ནས་འགག་ནས་སྒྲོལ་རྩིས་བྱེད་ཅིང་། བསྐུར་དངོས་ཁྲོད་དུ་གྲོག་མ་གསོན་པོ་1012སྦས་ཡོད་པ་རེད། ཐོག་མའི་གསལ་འབྱེད་བྱས་པ་ལྟར་ན། ཐེངས་འདིའི་རྒྱལ་ཁོངས་ནང་བསྐུར་ཡོང་བའི་མྱུར་སྐྱེལ་བསྐུར་དངོས་བཀག་སྟེ་རྩིས་ལེན་བྱས་པའི་གྲོག་མ་ལ་རིགས་གཉིས་ཡོད་དེ། རིགས་གཅིག་ནི་ཡོང་འབབ་གྲོག་མ་(收获蚁)དང་རིགས་གཅིག་ནི་མདེའུ་གྲོག་མ་(子弹蚁)ཡིན་ཞིང་། འཛམ་གླིང་སྟེང་གཟུགས་བྱད་ཆེ་ཤོས་ཡིན་པའི་གྲོག་མའི་གྲས་ཤིག་ཡིན་ལ་རྒྱུན་པར་གཅེས་གསོའི་་སྲོག་ཆགས་སུ་གསོ་ཚགས་བྱེད་བཞིན་ཡོད་པ་རེད། གྲོག་མ་རིགས་འདི་གཉིས་ཀ་ཕྱི་ཕྱོགས་ནས་འོང་བའི་སྲོག་ཆགས་ཀྱི་རིགས་ཡིན་པ་དང་རྒྱལ་ནང་དུ་རང་བྱུང་གི་དགྲ་ཡ་དཀོན་པ་རེད། 
    ༄༅།།ཁྲེང་ཏུའུ་འགག་སྒོས་འཛམ་གླིང་སྟེང་གཟུགས་བྱད་ཆེ་ཤོས་ཡིན་པའི་གྲོག་མ་སྟོང་ལས་
བརྒལ་བ་བཀག་སྟེ་རྩིས་ལེན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།